རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་སློབ་སློབ་མའི་ཞི་བའི་ངོ་རྒོལ་སྐོར།

རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་སློབ་ཁག་གི་སློབ་ཕྲུག་ཚོས་སྒེར་ལངས་ཉིན་བརྒྱད་པ་དེ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་གནང་ཡོད་པ།

2008.05.30

༄༅༎རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་སློབ་ཁག་གི་སློབ་ཕྲུག་ཚོས་སྒེར་ལངས་ཉིན་བརྒྱད་པ་དེ་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་གནང་ཡོད་པ་རེད། དེ་ཡང་མཐོ་སློབ་ཁག་གི་སློབ་ཕྲུག་ཚོས་ལག་ནང་བོད་ཀྱི་རྒྱལ་དར་དང་ ཕྲེད་དར་ ལག་སྦྱང་སོགས་འཁུར་ནས་ཞི་བའི་ངོ་རྒོལ་རྗེས་སུ་ཉིན་སློབ་ཐང་ཆེན་དུ་བོད་ནང་རྒྱ་གཞུང་གིས་སྡུག་སྦྱོང་ཅི་འདྲ་བཏང་གི་ཡོད་མེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་དོ་སྣང་གནང་གི་མེད་དོན་གཏམ་བརྗོད་འཁྲབ་ཡོད་པ་རེད།

སློབ་ཕྲུག་མི་རབས་གསུམ་པ་ཚོས་དངོས་གནས་བོད་ནང་གི་ཛ་དྲག་གནས་ཚུལ་ཐོག་སེམས་འཁུར་ཡོད་པ་དང་ ལས་འགན་ཡོད་ན་འཁུར་ཆོག་ཆོག་ཡོད་པ་དེ་བཏོན་རྒྱུའི་ཆེད་དུ་ཐབས་ཤེས་བྱེད་ཀྱི་ཡོད་པ་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་སློབ་ཁག་གི་མགྲིན་ཚབ་པས་གསུངས་ཡོད་པ་རེད། མཐོ་སློབ་ལས་འགུལ་ལ་བུ་རྡ་སྐྱབས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་སློབ་ཕྲུག་རྣམས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོས་ གྲོས་ཚོགས་བརྒྱུད་ལྡི་ལི་ཇན་ཏར་མཱན་ཏར་བཅས་སུ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་རྒྱུ་འཆར་གཞི་ཡོད་ཀྱང་རྒྱ་གར་གཞུང་གིས་ཆོག་མཆན་སྤྲད་མེད་པའི་དབང་གིས་སློབ་ཕྲུག་ཚོགས་པས་སློབ་ཕྲུག་ལྔ་རེ་ཚོ་བྱས་འགྲོ་རྒྱུ་ཆོག་མཆན་སྤྲད་ཡོད་ཀྱང་ལག་ནང་བོད་ཀྱི་རྒྱལ་དར་དང་ཕྲེད་དར་སོགས་འཁུར་མི་ཆོག་པ་བཟོས་བྱུང་ཞེས་འགྲེལ་བརྗོད་གནང་། ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཆ་ནས་དང་སྤྱིར་བཏང་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཤིག་གིས་རང་དབང་མེད་པ་ཞིག་གི་ཆ་ནས་སོ་སོའི་སེམས་ནང་གི་འབོད་ཚིག་སྒྲོག་རྒྱུའི་བདག་དབང་དེ་བསམ་པ་ནང་བཞིན་སྒྲོག་རྒྱུ་མེད་དུས་དཀའ་ངལ་ཆེན་པོ་ཞིག་ཡོད་པ་ཚོར་གྱི་འདུག་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎