རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་སྐོར།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གཞུང་ལ་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་འགྲོལ་ཆེད་འབོད་སྐུལ་ཞུས་འདུག

2008.06.20

༄༅༎རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་བོད་ནང་ཉེ་ཆར་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པ་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྤེལ་བའི་གནས་ཚུལ་གསར་པ་དེའི་ནང་ལ་རྒྱ་ནག་གཞུང་གིས་བོད་མི་ཆིག་སྟོང་ལྷག་ལ་ནག་ཉེས་གང་ཡང་ཐག་གཅོད་མ་བྱས་པར་མུ་མཐུད་བཙོན་འཇུག་བྱེད་བཞིན་ཡོད་པའི་སྐོར་གསུང་ཡོད་ཅིང༌། ལྷག་པར་དུ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འགན་འཛིན་སཱེམ་ཛ་རི་ཕི་ཡིས་རེས་གཟའ་སྤེན་པའི་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་སྐོར་བསྐྱོད་བྱ་རྒྱུ་དེའི་ཐོག་ནས་བོད་ནང་བོད་མི་གར་སོང་ཆ་མེད་དུ་གྱུར་བ་དང་བཙོན་ཁང་དུ་ཡོད་པ་རྣམས་ལ་དོ་སྣང་བྱེད་ཡུལ་ཞིག་ཏུ་འགྱུར་རྒྱུ་དང་བོད་ནང་གི་གནས་སྟངས་ཕྲན་བུ་ཞིག་དྲག་ཏུ་འགྲོ་རྒྱུའི་གོ་སྐབས་ཤིག་ཡིན་པ་གསུང་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོས་ཞི་བའི་ཐོག་ནས་བསམ་ཚུལ་བཤད་པར་བརྟེན་ནས་རྒྱ་ནག་གཞུང་གིས་བོད་མི་སྟོང་ཕྲང་བཙོན་བཅུག་བྱས་པ་དང་དེ་དག་ཤི་སོན་ག་རེ་ཡིན་མིན་དང་བཙོན་བཅུག་ག་པར་བྱས་མེད་སོགས་ཀྱི་གནས་ཚུལ་ནང་མིས་ཤེས་རྟོགས་མེད་པ་དང་ཁོང་ཚོའི་གནས་སྟངས་ཐོག་ཧ་ཅང་གི་བློ་འཚབ་ཐོག་གནས་ཡོད་པའི་སྐོར་གསུང་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གསུང་ན། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་མི་སྟོང་ཕྲག་ལྷག་འཛིན་བཟུང་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཤིང་ཧྭ་གསར་འགྱུར་ཐོག་བོད་མི་ཁག་ཅིག་གིས་ངོས་ལེན་ཞུས་པ་དང་ཁག་ཅིག་འཇུ་བཟུང་བྱས་པ། ཁག་ཅིག་ཉེས་ཆད་བཏང་བའི་སྐོར་བོད་མི་ཉུང་ཤས་ཤིག་གསལ་བསྒྲགས་བྱས་པ་དང་འཛིན་བཟུང་བྱས་པའི་བོད་མི་སྟོང་ཕྲག་གི་གྲངས་ཀ་གཉིས་བར་མཐུན་གྱི་མེད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎