རྒྱ་ནག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

རྒྱ་ནག་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་མ་བྱས་སྔོན་རྒྱ་ནག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་དགོངས་ཚུལ།

2011.03.04

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་མ་བྱས་སྔོན་རྒྱ་ནག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་འདུག ཉེ་བའི་གཟའ་འཁོར་ཁ་ཤས་ནང་རྒྱ་ནག་ཉེན་རྟོག་པས་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དང་ དེ་བཞིན་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་མི་མང་པོ་འཇུ་བཟུང་བཀག་ཉར་བྱས་ཡོད་པའི་ཁར་ ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྒྱ་ནག་ནང་གསར་འགྱུར་ལས་ཀ་བྱ་རྒྱུའི་ཐོངང་མཆན་སྤྲོད་ཡས་དམ་དུ་བཏང་བ་སོགས་དམ་བསྒྲགས་ཀྱི་ཐབས་ལམ་འཛིན་བཞིན་ཡོད་པ་དང་ ཉེ་བའི་ཆར་རྒྱ་ནག་གཞུང་གིས་འཛིན་པའི་དམ་བསྒྲགས་སྲིད་བྱུས་དེ་བཞིན་གཙོ་བོ་ ཉེ་དུས་དཀྱིལ་ཤར་ཨ་རབ་ཡུལ་གྲུའི་ནང་ངོ་རྒོལ་ལས་འགུལ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ལིའུ་ཅུན་ནིང་གིས་གསུང་འདུག

ཡིན་ནའི་གནད་དོན་དབྱེ་ཞིབ་པ་ལིའུ་ཅན་ནིང་གིས་དུས་ཡུན་རིང་པོའི་རིང་དམ་བསྒྲགས་བཀག་སྡོམ་བྱེད་ཡས་ཀྱི་དམིགས་ཡུལ་ནི་རྒྱ་ནག་གི་འགོ་ཁྲིད་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་འཕོ་འགྱུར་བྱེད་ཀྱི་ཡོད་པར་བརྟེན་ དེའི་གོང་རྒྱ་ནག་ནང་བརྟན་ལྷིང་དང་ཞི་འཇམ་མེད་པའི་གནས་ཚུལ་རིགས་མི་ཡོང་བའི་དོགས་ཟོན་གྱི་ཆེད་དུ་ཡིན་པ་གསུང་བཞག གནད་དོན་དབྱེ་ཞིབ་པ་ལིའུ་ཅན་ནིང་གིས་ ཕྱི་ལོ་ཉིས་སྟོང་ལོར་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་བྱེད་པའི་སྐབས་ ཁོང་རང་ཉིད་ལ་འཕྲད་པའི་ཉམས་མྱོང་ཐོག་ནས་གནད་དོན་དབྱེ་ཞིབ་གནང་སྐབས་  དེའི་སྐབས་ཁོང་གིས་རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་སྤེལ་དགོས་ལུགས་ཀྱི་གཞུང་ཕྱོགས་ཀྱི་ལྟ་སྤྱོད་དང་མི་མཐུན་པའི་བཀའ་མོལ་གནང་གི་ཡོད་པའི་རྐྱེན་གྱིས་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་ནས་ཕྱིར་འབུད་བྱས་ཡོད་པ་བཞིན་ ཤེས་ལྡན་མི་སྣ་སྐད་ཆ་དྲང་པོ་བཤད་མཁན་མང་པོ་ཞིག་སྐབས་དེ་དུས་ལས་གནས་ཤོར་བ་དང་ ཡང་ན་འཇུ་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་བཞིན་ད་ལྟའི་གནས་སྟངས་དེ་ཡང་དེའི་གོང་དང་འདྲ་མཚུངས་ཡོད་པའི་སྐོར་གསུང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎