རྒྱ་ནག་དོ་དམ་བཀག་ཉར་ཁང་དུ་མི་ཞིག་ལ་ཤི་སྐྱོན།

རྒྱ་ནག་ནང་ཉེས་ཅན་པ་འཕྲལ་སེལ་དོ་དམ་བཀག་ཉར་བྱེད་ཡུལ་ཁང་དུ་སླར་ཡང་མིག་ཅིག་བློ་བུར་དུ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་འདུག

2009.04.12

༄༅༎རྒྱ་ནག་ནང་ཉེས་ཅན་པ་འཕྲལ་སེལ་དོ་དམ་བཀག་ཉར་བྱེད་ཡུལ་ཁང་དུ་སླར་ཡང་མིག་ཅིག་བློ་བུར་དུ་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་དང་བར་ལམ་དེ་ལྟ་བུའི་དོ་དམ་བཀག་ཉར་ཁང་ནང་བློ་བུར་དུ་མི་རིམ་པ་བཞིན་རྐྱེན་ལམ་དུ་ཕྱིན་པའི་རྗེས་ད་རེས་ཐོན་པའི་དོན་རྐྱེན་དེ་ཡིས་དོ་དམ་བཀག་ཉར་ཁང་གི་བྱ་སྤྱོད་ཐོག་སྤྱི་ཚོགས་ནང་ལྟ་ཚུལ་དང་ཁོང་ཁྲོའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

རེས་གཟའ་ཉི་མའི་ཉིན་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱ་ནག་གི་ལྷོ་ཤར་ཕུ་ཧོའུ་གྲོང་ཁྱེར་གྱི་ཉེས་ཅན་པ་བཀག་ཉར་ཁང་དུ་ཁྲེན་ཧུང་ཆང་ཟེར་བ་ཞིག་ཐ་མག་ཉལ་ཐག་འཐེན་པའི་གོམས་གཤིས་ངན་པ་འཇགས་པའི་ནག་ཉེས་ཀྱི་ཐོག་ནས་དོ་དམ་ཁང་དེའི་ནང་ཉིན་གྲངས་བཅུའི་རིང་བཀག་ཉར་བྱ་རྒྱུའི་ཐག་གཅོད་བྱས་པའི་རྗེས་རེས་གཟའ་སྤེན་པའི་ཉིན་མི་དེ་དོ་དམ་བྱེད་ཡུལ་གྱི་ཁང་མིག་ནང་བློ་བུར་དུ་དྲན་མེད་དུ་གྱུར་ཡོད་པ་དང་སྨན་ཁང་དུ་བསྐྱལ་བའི་རྗེས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་ཅིང་ཕུ་ཧོའུ་ས་གནས་སྲིད་གཞུང་གིས་མི་དེ་བློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་དོན་རྐྱེན་སྐོར་འདྲི་ཞིབ་བྱེད་མཁན་ཡོད་པ་དང་དེའི་སྔོན་ཟླ་་གསུམ་གྱི་གོང་དེར་ཕུ་ཧོའུ་གྲོང་ཁྱེར་དེ་གའི་དོ་དམ་ཁང་ནང་དུ་ཉེས་ཅན་པ་གཞན་ཞིག་ཉལ་ཁྲིའི་སྟེང་ནས་ལྷུང་སྟེ་མགོ་བོར་ཚབས་ཆེའི་རྨས་སྐྱོན་ཕོག་པའི་རྗེས་འདས་གྲོངས་སུ་ཕྱིན་པ་དང་ཡང་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་བྱང་ཕྱོགས་ཧྲན་ཞི་ཞིང་ཆེན་གྱི་དོ་དམ་ཁང་དུ་ཕྲུ་གུ་གཞོན་སྐྱེས་ཤིག་བློ་བུར་དུ་རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་དང་ཡང་ཧུ་ནན་ཞིང་ཆེན་ནང་གི་དོ་དམ་ཁང་ཞིག་ཏུ་གཞོན་སྐྱེས་གཉིས་བློ་བུར་དུ་འདས་གྲོངས་སུ་ཕྱིན་པའི་དོན་རྐྱེན་རིམ་པ་ཐོན་པའི་གནས་སྟངས་ལ་མི་དམངས་ཀྱིས་བཀག་ཉར་ཁང་དེ་དག་གི་བྱ་སྤྱོད་ཐོག་ཧ་ཅང་གི་ཁོང་ཁྲོ་བྱེད་པར་བརྟེན་འདས་པའི་ཟླ་བ་གསུམ་རིང་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གིས་བཀག་ཉར་ཁང་དེ་དག་གི་གནས་སྟངས་ཐོག་ཞིབ་འཇུག་བྱེད་བཞིན་པའི་སྐབས་དེར་སླར་ཡང་ད་རེས་བཀག་ཉར་ཁང་ཞིག་ནས་མི་ཞིག་བློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། འདས་གྲོངས་སུ་ཕྱིན་པའི་ཕ་མ་དང་ནང་མི་ཚོས་བཀག་ཉར་ཁང་གི་ཉེན་རྟོག་པས་ཉེས་རྡུང་བཏང་བར་བརྟེན་ནས་འདས་གྲོངས་ཕྱིན་པའི་ཞུ་གཏུགས་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎