འཛམ་ཐང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ།
2012.02.19
༄༅༎འདི་ཚེས་༡༩་རེས་གཟལ་ཉི་མའི་ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢་ཙམ་ལ་འཛམ་ཐང་བར་མ་ཡུལ་ཚོ་སྡེ་བའི་སྣང་གྲོལ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སུ་སོང་ཡོད་འདུག
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན་ལ། ཕྱི་ཚེས་༡༩ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་། མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་༡༨་ཡིན་པ་སྣང་གྲོལ་ལགས་ཀྱིས། འཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེག་བཏང་ནས་ས་གནས་དེ་རང་ལ་སྐུ་གྲོངས་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན་ཁོང་གི་སྐུ་ལུས་མེར་བསྲེག་གཏོང་སྐབས། ས་གནས་ཉེན་རྟོག་པ་ཡོང་ནས་ཁོང་གི་ཕུང་པོ་བཙན་འཕྲོག་བྱེད་རྩིས་བྱས་སྐབས། འཛམ་ཐང་ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ཏུ་མ་བཏང་པར་མ་ཟད། ཁོང་གི་ཕུང་པོ་འཛམ་ཐང་དགོན་ཆེན་དུ་འཁྱེར་ནས་ཕོ་ལུང་དང་བསྔོ་སྨོན་བྱས་ཡོད་སྐོར་བོད་ཀྱི་བང་ཆེན་གྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།