ཉི་ཧོང་མི་མང་ཁག་གིས་སླར་ཡང་རྒྱ་ནག་ལ་ངོ་རྒོལ་བྱས་པ།

ཉི་ཧོང་ནང་མི་གྲངས་ཉིས་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་ལ་ཁ་གཏད་ཀྱི་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པའི་སྐོར།

2010.12.18

༄༅༎ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོར་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སླར་ཡང་སྤེལ་འདུག དེ་རིང་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་དུ་ཉི་ཧོང་ནང་ཡོད་པའི་ལྟ་བ་མཁྲེགས་ཟུང་གི་ཚོགས་པ་ཁག་གིས་འགོ་ཁྲིད་འོག་མི་གྲངས་ཉིས་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་ལ་ཁ་གཏད་ཀྱི་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པའི་སྐོར་ཉེན་རྟོགས་པས་འགྲེལ་བརྗོད་བྱས་ཡོད་འདུག

འདས་པའི་ཟླ་བ་གཉིས་ཙམ་རིང་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོར་དང་གྲོང་ཁྱེར་ཡོ་ཀོ་ཧ་མ་ ཨོ་ས་ཀ་སོགས་ནང་རྒྱ་ནག་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་དེ་རིགས་ཐེངས་ཁ་ཤས་སྤེལ་ཡོད་པ་རེད་ དེ་དང་ཕྱོགས་མཚུངས་གཟའ་པ་སངས་ཉིན་ཉི་ཧོང་གི་ཨོ་ཀི་ན་ལྦ་མངའ་སྡེའི་ཨི་སི་ག་ཀི་གྲོང་ཁྱེར་གྲོས་ཚོགས་ལྷན་ཁང་གིས་ཕྱི་ཟླ་དང་པོའི་ཚེས་༡༤ཉིན་མོ་དེ་བཞིན་རྒྱ་ནག་དང་ཉི་ཧོང་དབར་རྩོད་གླེང་ཡོད་པའི་རྒྱ་མིས་ཏེག་ཡུལ་དང་ ཉི་ཧོང་གིས་སེན་ཀ་ཀུ་ཞེས་པའི་གླིང་ཕྲན་སྲོལ་གཏོད་མཁན་གྱི་ཉིན་མོ་ཞེས་པའི་དུས་དྲན་གྱི་དྲན་གསོའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་དང་དེར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་   

གོང་ཞུས་ཨི་ཤི་ག་ཀི་གྲོང་ཁྱེར་གྲོས་ཚོགས་ཀྱིས་བཞག་པའི་ཁྲིམས་ལུགས་དོན་ཚན་དེའི་ནང་ཤར་རྒྱ་ནག་རྒྱ་མཚོའི་རྒྱུད་ཀྱི་སེན་ཀུ་གླིང་ཕྲན་དེ་བཞིན་ལོ་རྒྱུས་དང་ས་འབབ་ཚང་མའི་ཆ་ནས་ཉི་ཧོང་གི་བདག་དབང་ཡིན་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཤེས་རྟོགས་ཡོང་རྒྱུར་རྔམ་སྟོན་དང་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད་ ཉི་ཧོང་གི་སྤྱི་ཚོགས་ནང་གནད་དོན་དེའི་ཐོག་མང་ཚོགས་ཀྱི་བློ་སྒོ་འབྱེད་ཐབས་བྱ་་རྒྱུ་་སོགས་འཁོད་ཡོད་པ་རེད་ དེ་རིང་ངོ་རྒོལ་ནང་བཞུགས་མཁན་ཚོས་ལག་ཏུ་ཉི་ཧོང་གི་རྒྱལ་དར་འཁྱེར་ཏེ་རྒྱ་ནག་གཞུང་གིས་ཉི་ཧོང་ལ་བདག་དབང་ཡོད་པའི་སེན་ཀ་ཀུ་འམ་རྒྱ་མིས་ཏེག་ཡུལ་ཞེས་པའི་གླིང་ཕྲན་ནང་ཧམ་འཛུལ་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་འབྲེལ་ཉི་ཧོང་གཞུང་གིས་དེའི་ཐོག་མཁྲེགས་པོའི་སྲིད་བྱུས་འཛིན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད༎  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎