ཨོ་སི་ཊེ་ལི་ཡའི་ནང་བོད་སྐད་གསར་འགྱུར་ལས་རིམ་གསར་བཙུཌ།
2010.05.15
༄༅༎ཨའོསི་ཊརེ་ལི་ཡའི་གྲོང་ཁྱེར་སིཌ་ནིའི་ཉེ་འགྲམ་དུ་ཡོད་པའི་བྱང་ཕྱོགས་རྒྱ་མཚོའི་ཆུ་ངོགས་ཀྱི་ས་ཁུལ་(Northern Beach)གྱི་ FMརླུང་འཕྲིན་ནང་བོད་སྐད་གསར་འགྱུར་ལས་རིམ་ཞིག་འགོ་བཙུགས་བྱས་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
FMའོད་ཚད་ཀྱི་ཐོག་རྒྱངས་སྲིངས་ལས་རིམ་དེའི་ནང་ཐཡེ་ལེནཌ་གྱི་སྐད་དང་ རྒྱ་སྐད་ ཕི་ལི་པིནསི་ཀྱི་སྐད་ཡིག་ནང་གསར་འགྱུར་ལས་རིམ་རྒྱང་སྲིངས་བྱེད་མུས་ཡིན་འདུག་ཅིང་ བོད་སྐད་ཀྱི་ནང་གསར་འགྱུར་ལས་རིམ་རྒྱང་བསྲིང་བྱེད་པ་དེ་ནི་ས་ཁུལ་དེའི་ནང་བོད་མི་གྲངས་ ༤༠༠ཙམ་གནས་སྡོད་བྱེད་བཞིན་ཡོད་པ་ཁོང་ཚོའི་ཆེད་དམིགས་པ་ཞིག་ཡིན་པ་རེད། དེ་ཡང་གཟའ་འཁོར་གཅིག་གི་ནང་གཟའ་ཕུར་བུ་དང་ ཉི་མ་ནམ་ཡིན་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལས་རིམ་རྒྱང་སྲིངས་བྱེད་རྒྱུ་ཡིན་འདུག་ཅིང་ ད་ལྟའི་སྐབས་གསར་འགྱུར་ལས་རིམ་གསར་པ་དེའི་ནང་གི་ལས་བྱེད་པ་གཉིས་ཡོད་པ་ནི་ ཨེ་ཤི་ཡ་རང་དབང་རླུང་འཕྲིན་གི་ཨའོསི་ཊེ་རི་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་དང་ ཨ་རིའི་རྒྱང་སྲིངས་རླུང་འཕྲིན་ཁང་གི་གསར་འགོད་པ་ར་ལོ་བློ་བཟང་ལུང་རྟོགས་གཉིས་ཡིན་འདུག།
FMའོད་ཚད་ཀྱི་ཐོག་རྒྱང་སྲིངས་བྱེད་པའི་ལས་རིམ་དེ་དག་ས་ཁུལ་དེ་གའི་ནང་གསན་ཐུབ་རྒྱུ་ལས་ས་གནས་གཞན་དང་ཡུལ་གྲུ་གཞན་གྱི་ནང་གསན་ཐུབ་རྒྱུ་མིན་པ་རེད།།