རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ།

ཨོའོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཁག་གི་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་རྒྱུ།

2011.04.19

༄༅༎ཨོའོ་སི་ཀྲོ་ལི་ཡའི་སྲིད་བློན་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཁག་གི་ལྷན་དུ་མཇལ་འཕྲད་སྐབས་དེའི་སྐོར་བཀའ་མོལ་གནང་རྒྱུ་ཡིན་ལུགས་གསལ་སྟོན་གནང་འདུག

སང་ཉིན་རེས་གཟའ་ལྷག་པ་ནས་བཟུང་བདུན་ཕྲག་གཅིག་གི་རིང་ཨོའོ་སི་ཀྲོ་ལི་ཡའི་སྲིད་བློན་ཇུ་ལིན་ཇི་ལདྲ་མཆོག་ཉི་འོང་དང་ ལྷོ་ཀོ་རི་ཡའ་ རྒྱ་ནག་བཅས་ནང་ཨོའོ་སི་ཀྲོ་ལི་ཡའི་འཛུགས་སྐྲུན་ཡར་རྒྱས་དང་ བདེ་འཇགས་ དེ་བཞིན་ཚོང་དོན་གྱི་ལས་དོན་བཅས་ཀྱི་ཆེད་དུ་གོང་ཞུས་རྒྱལ་ཁབ་ཁག་ནང་འཚམས་གཟིགས་ཏུ་ཕེབས་ཀྱི་ཡོད་པ་རེད་ སྲིད་བློན་ཇི་ལདྲ་མཆོག་གིས་ད་རེས་རྒྱ་ནག་ནང་འཚམས་གཟིགས་གནང་རྒྱུན་རིང་ཉེ་ཆར་རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཅའ་ཆིང་ལིན་ཨོའོ་སི་ཀྲོ་ལིི་ཡའི་ནང་ཕེབས་པའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་སྐོར་འབོད་སྐུལ་ཞུས་གནང་བ་བཞིན་ད་རེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐོའོ་དང་ སྲིད་བློན་ལྦུན་བཅའ་བའོ་རྣམ་གཉིས་མཇལ་འཕྲད་གནང་སྐབས་སུ་ཡང་དེ་ལྟར་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསལ་སྟོན་གནང་ཡོད་པ་རེད་ དེ་བཞིན་ཡང་ལྕམ་ཇི་ལདྲ་མཆོག་གིས་ད་རེས་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་དུས་ཡུན་དེའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་བོར་འགྱུར་བའི་དེ་མིན་གྱི་གནད་དོན་མང་པོའི་ཐོག་བཀའ་མོལ་ཞུས་ནས་རྒྱ་ནག་དང་ལྷན་དུ་དགེ་མཚན་ལྡན་པའི་འབྲེལ་ལམ་སྐྲུན་ཐུབ་པ་གནང་རྒྱུ་ཡིན་ཞེས་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎