ཕྱི་ནས་ཆབ་སྲིད་ནང་ཐེ་བྱུས་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན།


2017.12.05
ཨོ་སི་ཁྲོ་ལི་ཡའི་སྲིད་བློན་(Malcolm Turnbull) ཨོ་སི་ཁྲོ་ལི་ཡའི་སྲིད་བློན་(Malcolm Turnbull)
Storyful News/YT

ཨོ་སི་ཁྲོ་ལི་ཡས་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་ཡུལ་དེའི་ཆབ་སྲིད་ནང་ཐེ་བྱུས་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་འདུག
དེ་ཡང་ཨོ་སི་ཁྲོ་ལི་ཡ་གཞུང་གིས་གསོ་པའི་ལས་འགུལ་ལམ་ཡང་ན་དཔལ་འབྱོར་ཞལ་འདེགས་རྒྱབ་པ་སོགས་རྣམ་པ་གང་འདྲ་ཞིག་གི་ཆ་ནས་ཡུལ་དེའི་ཆབ་སྲིད་ནང་ཐེ་བྱུས་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་ཞིང་། དེ་ཡང་གཙོ་བོ་ན་ནིང་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ར་ཤི་ཡས་དཔལ་འབྱོར་གྱིས་ཐེ་བྱུས་བྱས་པའི་རྩོད་གླེང་གནས་ཚུལ་བྱུང་བར་དཔེ་བླངས་ནས་ཡུལ་དེའི་ནང་མ་འོངས་གནས་ཚུལ་དེ་རིགས་མི་ལྷག་རྒྱུའི་ཆེད་དུ་ཡིན་པ་ཡུལ་དེའི་དཔོན་རིགས་ནས་གསུངས་ཡོད་པ་རེད།
ཨོ་སི་ཁྲོ་ལི་ཡའི་སྲིད་བློན་(Malcolm Turnbull)་གྱིས་དེ་རིང་གཟའ་མིག་དམར་ཉིན། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཨོ་སི་ཁྲོ་ལི་ཡའི་ཆབ་སྲིད་ནང་ཤུགས་རྐྱེན་གཏོང་ཐབས་ཀྱི་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་འདུག ཨོ་སི་ཁྲོ་ལི་ཡའི་ཁྲིམས་ལུགས་གསར་པའི་ནང་དོན་ལྟར། ཕྱི་རྒྱལ་མི་སེར་ཞིག་གིས་ཡུལ་དེའི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་སུ་དང་འབྲེལ་བ་བྱས་ནས་ཆབ་སྲིད་ལས་དོན་སྤེལ་ཚེ་ཁྲིམས་འགལ་ཡིན་པ་བཀོད་ཡོད་པ་དང་། ཆབ་སྲིད་ཀྱི་ལས་དོན་དེ་རིགས་གསང་བའི་ཐོག་ནས་ཡིན་ནའི་འདྲ་ཡང་ན་མགོ་སྐོར་བཏང་ནས་སྤེལ་བ་ཡིན་པ་ཚང་མ་ཁྲིམས་འགལ་ཆགས་རྒྱུ་ཡིན་པ་བཀོད་ཡོད་འདུག    ཕྱི་རྒྱལ་གྱི་ཤུགས་རྐྱེན་དང་ཐེ་བྱུས་ཀྱི་གྲོས་གཞི་དེ་འོས་འདེམས་འགྱུར་བཅོས་ཀྱི་གྲོས་གཞིའི་ཁ་སྐོང་ནང་ཚུད་ཀྱི་ཡོད་པ་དང་། གྲོས་གཞི་དེ་ལྟར་ཕྱི་རྒྱལ་གཞུང་གིས་ཨོ་སི་ཁྲོ་ལི་ཡའི་ཆབ་སྲིད་ཚོགས་པར་དཔལ་འབྱོར་གྱི་ཞལ་འདེབས་རྒྱབ་རྒྱུ་བཀག་སྡོམ་བྱ་རྒྱུ་བཀོད་ཡོད་པའི་སྐོར་ཨོ་སི་ཁྲོ་ལི་ཡའི་སྲིད་བློན་མཆོག་ནས་གསལ་བསྒྲགས་སྤེལ་བའི་ནང་བཀོད་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་། ང་ཚོར་ངེས་པར་དུ་ཆབ་སྲིད་དང་གྲོས་ཚོགས་ཀྱི་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་དང་དམིགས་ཡུལ་ངན་པ་འཛིན་རྒྱུར་འགོག་ཐབས་ཀྱི་སྟོབས་ཤུགས་དགོས་ཀྱི་རེད་ཅེས་བཀོད་ཡོད་འདུག
ཨོ་སི་ཁྲོ་ལི་ཡ་གཞུང་གིས་གསར་དུ་གཏན་འབེབས་བྱ་རྒྱུའི་ཁྲིམས་ལུགས་ནང་དོན་གཞིར་བཟུང་ཡུལ་དེའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་(Sam Dastyan)་གྱིས་རྒྱ་ནག་གི་ཚོང་པ་ཞིག་གི་ས་ནས་འོས་འདེམས་སྐབས་མ་དངུལ་ཞལ་འདེབས་བླངས་པའི་གནད་དོན་དེ་ཡང་ཁྲིམས་གལ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎