རྒྱ་ནག་གི་ཆབ་སྲིད་ཀྱི་སིམ་འཛུལ་ལ་སྔོན་འགོག


2017.09.24
རྒྱ་ནག་གི་ཆབ་སྲིད་ཀྱི་སིམ་འཛུལ་ལ་སྔོན་འགོག ཨོས་ཋརེ་ལི་ཡའི་ནང་རྒྱ་ནག་གི་ཆབ་སྲིད་ཀྱི་སིམ་འཛུལ་ཡང་ཡང་བྱེད་བཞིན་པར་བརྟེན་སྔོན་འགོག་ཆེད་ཁྲིམས་གཞིར་བཟོ་བཅོས་རྒྱག་རྒྱུ་ཡིན་འདུག
ཝི་ཀི་པི་ཌི་ཡ།

༄༅༎Australia ནང་རྒྱ་ནག་གི་ཆབ་སྲིད་ཀྱི་སིམ་འཛུལ་ཡང་ཡང་བྱེད་བཞིན་པར་བརྟེན་སྔོན་འགོག་ཆེད་ Australiaཡས་ཁྱོན་ཡོངས་ནས་རང་གི་གསང་མྱུལ་བའི་ཁྲིམས་གཞིར་བཟོ་བཅོས་རྒྱག་རྒྱུ་ཡིན་འདུག དེ་ཡང་རྒྱ་ནག་གིས་ Australiaཡའི་ཆབ་སྲིད་ནང་སིམ་འཛུལ་བར་མི་ཆད་པར་བྱས་པར་བརྟེན་ད་ཆ་ Australiaཡས་གནད་དོན་འདིའི་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡིན་པ་དང་། Australiaཡའི་གཞུང་གིས་ཁྱོན་ཡོངས་ནས་ཡུལ་དེའི་འབྲེལ་ཡོད་གསང་མྱུལ་གྱི་ཁྲིམས་ལུགས་ལ་བཟོ་བཅོས་གནང་རྒྱུའི་འཆར་གཞི་གཏིང་གནང་བཞིན་པ་རེད་བཞག ཡང་ཕྱི་ཚེས་༢༢ཉིན་Australiaཡའི་ཁྲིམས་ལུགས་དང་སྲིད་དོན་ལྷན་ཁང་གི་བློན་ཆེ་Goerge Brandis མཆོག་ནས་ ད་ལོའི་ཕྱི་ཟླ་༡༡ནང་Australiaཡའི་གཞུང་ཕྱོགས་ནས་གྲོས་ཚོགས་ལ་མི་སྣ་སུ་འདྲ་ཞིག་གིས་གལ་ཏེ་ཕྱིའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཆེད་དུ་ལས་ཀ་བྱས་ཚེ་ ངེས་པར་དུ་མཐོ་འགོད་དེབ་བསྐྱེལ་བྱེད་དགོས་པའི་གྲོས་འགོ་བཏོན་རྒྱུ་དང་ ཁྲིམས་དོན་དེ་ནི་ ཨ་རི་ལྟ་བུའི་རྒྱལ་ཁབ་ནང་ལག་བསྟར་གནང་སྟེ་ལོ་ཁ་ཤས་ཕྱིན་ཟིན་པའི་ཁྲིམས་ལུགས་ཤིག་ཆགས་ཡོད་ལུགས་གསུངས་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎