ཨོ་སི་ཊེ་ལི་ཡའི་ལྗང་ཁུ་ཚོགས་པས་བོད་དོན་རྒྱབ་སྐྱོར།

ཨོ་སི་ཊེ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ལ་ཀིརྟི་དགོན་གྱི་ས་གནས་བོད་མི་ཚོར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་གནང་ཡོད་པ།

2011.04.16

༄༅༎ཨོ་སི་ཁྲོ་རི་ཡའི་ལྗང་ཁུ་ཚོགས་པའི་འགན་འཛིན་ཨོ་སི་ཁྲོ་རི་ཡའི་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་གིས། ཨོ་སི་ཁྲོ་རི་ཡའི་ཕྱི་སྲིད་བློན་ཆེན་མཆོག་ལ་ བོད་མདོ་སྨད་རྔ་པ་ཀིརྟི་དགོན་དུ་རྒྱ་ནག་དམག་མིས་མཐའ་སྐོར་ཏེ་ཛ་དྲག་གི་གནས་སྟངས་དེར་ས་གནས་བོད་མི་ཚོར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་གནང་ཡོད་པ་དང་། དེའི་ནང་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་གསུམ་འཁོར་བར་དྲན་གསོའི་ཆེད་ ཟླ་བ་སྔོན་མར་དགོན་པ་དེའི་དགེ་འདུན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་གྱི་རྣམ་པ་བསྟན་པ་ནས་བཟུང་། རྒྱ་ནག་དམག་དཔུང་གིས་ཀིརྟི་དགོན་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་ རྒྱ་ནག་དམག་དཔུང་གིས་དགོན་པའི་ནང་བཟའ་ཆས་རིགས་མཁོ་སྤྲོད་བྱེད་རྒྱུར་དམ་བསྒྲགས་བྱས་པ་མ་ཟད། དགོན་པའི་ནང་གི་དགེ་འདུན་པ་རྣམས་ཕྱིར་ཐོན་འབཅུག་གི་མེད་པའི་སྐོར་དང་ ད་དུང་བོད་མི་ཁག་ཅིག་གིས་ཀིརྟི་དགོན་པའི་དགེ་འདུན་པ་དང་ཁོང་ཚོར་རྒྱབ་སྐྱོར་གནང་མཁན་ས་གནས་བོད་རིགས་ཚོ་རྒྱ་མིའི་དམག་དཔུང་གིས་འཛིན་བཟུང་བྱེད་པ་དང་། མཐའ་ན་ཁོང་ཚོའི་སྲོག་ལ་ཡང་ཉེན་ཁ་ཡོད་ཚུལ་གྱི་སེམས་འཚབ་བྱེད་བཞིན་འདུག་ཅེས་འཁོད་ཡོད་པ་རེད། ཨོ་སི་ཁྲོ་རི་ཡའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་གིས་ཨོ་སི་ཁྲོ་རི་ཡའི་སྲིད་བློན་ལ་བོད་རྔ་པ་ཁུལ་དང་ལྷག་པར་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དམ་དྲག་བཀག་སྡོམ་ནན་པོ་བྱེད་བཞིན་པའི་གནས་སྟངས་དེ་མཚམས་འཇོག་ཡོང་རྒྱུར་རྒྱ་ནག་གི་དཔོན་རིགས་ཚོར་གནོན་ཤུགས་དང་སྐུལ་མ་གནང་རྒྱུའི་འབོད་སྐུལ་ཡི་གེ་ཕུལ་དོན་ཡང་། ཨོ་སི་ཁྲོ་རི་ཡ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གིས་འབོད་སྐུལ་གནང་བ་ཞིག་ཡིན་པ་དང་། སྐུ་ཚབ་དོན་གཅོད་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཨེ་ལི་སེན་རེ་ནོལདྲ་ལ་གྲོས་ཚོགས་གོང་མའི་མཐུས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་གི་མཁྱེན་རྟོག་སླད་ཨོ་སི་ཁྲོ་རི་ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་རྔ་པ་ཀརྟི་དགོན་དུ་དམ་བསྒྲགས་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་བར་སྐུལ་བ་གནང་རོགས་ཞེས་འཁོད་པའི་རེ་སྐུལ་ཞུ་ཡིག་ཕུལ་གནང་ཡདོ་པ་རེད། དེ་དང་འབྲེལ་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཀྱང་རྔ་པ་ཀིརྟི་དགོན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག་དོ་སྣང་གནང་རྒྱུའི་སྐོར་བལ་ཇམ་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་སོགས་སུ་འབོད་སྐུལ་ཞུས་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎