ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནས་བོད་རྒྱ་འབྲེལ་མོལ་ཆེད་གྲོས་ཆོད།

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་བཞིན་ལམ་ལྷོངས་ལྡན་པ་ཞིག་འབྱུང་རྒྱུའི་འཚམས་འདྲིའི་གྲོས་ཆོད་བཞག་འདུག

2008.10.21

༄༅༎ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནས་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་བཞིན་ལམ་ལྷོངས་ལྡན་པ་ཞིག་འབྱུང་རྒྱུའི་འཚམས་འདྲིའི་གྲོས་ཆོད་ཅིག་བཞག་གནང་འདུག་ཅིང་དེ་ནི་གཙོ་བོ་སྔོ་ལྗང་ཚོགས་པའི་དབུ་འཁྲིད་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་ནས་གྲོས་གཞི་གྲོས་འཆར་ངོ་སྤྲོད་གནང་པ་ཞིག་ཡིན་པ་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

ཨོ་སི་ཊོ་ལི་ཡར་གྲོས་ཚོགས་གོང་མས་འདི་ལོ་ཕྱི་ཟླ་བཅུ་པའམ་བཅུ་གཅིག་པ་གང་རུང་གི་ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་རྒྱུ་ཡིན་ཤག་ངོས་འཛིན་གནང་པ་དང་དུས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་དགོངས་བཞེད་དེའི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་འབྱུང་ཐབས་གནང་བཞིན་པ་ཡང་ངོས་འཛིན་གནང་ཡོད་པ་རེད་

དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནས་འབྲེལ་མོལ་ཐེངས་བརྒྱད་པའི་མགྲོན་བདག་གནང་པར་དགའ་བསུ་ཞུས་གནང་པ་དང་སྦྲགས་འབྲེལ་མོལ་དེའི་གྲུབ་འབྲས་བཟང་པོ་ཞིག་འབྱུང་རྒྱུར་ཕྱོགས་གཉིས་ཀར་འཚམས་འདྲི་ཡང་ཞུས་གནང་འདུག

དེའི་གོང་ཕྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་སྔོ་ལྗང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སྦོབ་སྦ་རའོན་གཙོས་ཚོགས་པ་དེའི་འཐུས་མི་རྣམས་དང་མཇལ་འཕྲད་གནང་ཡོད་ལ་དེ་བཞིན་བཀའ་བློན་མཆོག་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཕྱི་སྲིད་འབྲེལ་ལམ་དང་བདེ་འཇགས།ཚོང་དོན་ལས་དོན་ཐད་ཀྱི་རྒྱུན་ལས་ཚོགས་མི་རྣམས་དང་ཡང་མཇལ་ཕྲད་ཀྱིས་བོད་དོན་གསལ་བཤད་དང་ཚོགས་མི་རྣམས་པའི་བཀའ་འདྲིར་བཀའ་ལན་ཡང་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎