རྒྱ་ནག་དངུལ་ཁང་གིས་དྲག་སྤྱོད་པར་མཐུན་འགྱུར་བྱས་ལུགས།

རྒྱ་ནག་དངུལ་ཁང་ཞེས་པས་ཁ་ཆེའི་དྲག་སྤྱོད་ཚོགས་པར་མཐུན་འགྱུར་བྱས་པའི་ཉེས་བཙུགས་ཡོད་པ་དེར་དངུལ་ཁང་དེས་ངོས་ལེན་བྱས་མི་འདུག

2008.08.27

༄༅༎ཨི་སི་རེལ་གྱི་མི་སྣ་ཁག་ཅིག་ནས་རྒྱ་ནག་དངུལ་ཁང་ཞེས་པས་ཁ་ཆེའི་དྲག་སྤྱོད་ཚོགས་པར་མཐུན་འགྱུར་བྱས་པའི་ཉེས་བཙུགས་བྱས་པ་དེར་དངུལ་ཁང་དེས་བདེན་པ་མིན་ལུགས་འགྲེལ་བརྗོད་བྱས་ཡོད་འདུག

དེ་རིང་ཚེས་ ༢༧ ཉིན་རྒྱ་ནག་གི་དངུལ་ཁང་ཞེས་པའི་མགྲིན་ཚབ་པ་ལྦང་ཀྲའོ་ལྦན་གྱིས། ཉེ་ཆར་ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང༌། ང་ཚོའི་དངུལ་ཁང་ནས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་དངུལ་གཏོང་ལེན་བྱེད་ཕྱོགས་ལ་མཐུན་འགྱུར་བྱས་ཡོད་ལུགས་ཉེས་བཙུགས་བྱས་པས་མ་ཟད་ཨ་རིའི་ཁྲིམས་ཁང་བརྒྱུད་ཁྲིམས་གཏུགས་བྱེད་རྒྱུ་ཡིན་ལུགས་གནས་ཚུལ་བཀོད་ཐོན་བྱུང་ཡོད་པ་དེ་དག་ནི་ཁུངས་ལུང་མེད་པའི་ཉེས་བཙུགས་ཤིག་རེད། ང་ཚོའི་དངུལ་ཁང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་རྒྱ་ནག་ནང་ཁུལ་དང༌། ཕྱི་རྒྱལ་ལ་ཡོད་པའི་ང་ཚོའི་དངུལ་ཁང་ཚང་མང་ཞིབ་འཇུག་དང་ལྡན་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཉེས་བཙུགས་འདི་རིགས་ལ་ང་ཚོས་མཐའ་ཅིག་ཏུ་ངོས་ལེན་མེད་ལ། ང་ཚོའི་ངོས་ནས་ཀྱང་གདོང་ལེན་གྱིས་ཁྲིམས་གཏུགས་བྱེད་ཆོག་གི་ཡོད་རེད་ཅེས་གནས་ཚུལ་གསལ་བཀྲོལ་བྱས་ཡོད་འདུག

ཉེ་ཆར་ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ནང༌། སྦེལ་ཨོཕ་ ཆ་ཡེ་ན་ཞེས་པའི་རྒྱ་ནག་གི་དངུལ་ཁང་བརྒྱུད་པེ་ལེ་སི་ཀྲན་གྱི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཁག་ནས་ཌོ་ལར་ས་ཡ་མང་པོའི་དངུལ་གཏོང་ལེན་བྱེད་རྒྱུར་དམ་བསྒྲགས་གང་ཡང་མེད་པའི་ཐོག་ནས་མཐུན་འགྱུར་བྱས་ཡོད་པ་དང༌། དེས་རྐྱེན་པས་ཨི་སི་རེལ་ནང༌། འཇིགས་སྐུལ་གྱི་ལས་འགུལ་སྤེལ་ནས་གཏོར་རྒོལ་ཐེངས་བརྒྱ་ཙམ་བཏང་ཡོད་པ་དེའི་ཐོག་ཨ་རིའི་ནང་ཡོད་པའི་ཨི་སི་རེལ་མི་སྣ་ཁག་ཅིག་ནས་ཁྲིམས་གཏུགས་བྱེད་རྒྱུ་ཡིན་ལུགས་གནས་ཚུལ་བཀོད་ཐོན་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎