རྒྱ་ནག་ནང་ཡེ་ཤུའི་དད་ལྡན་པ་འཛིན་བཟུང་བྱས་པ།
2011.04.24
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་བཀའ་ཁྲོལ་མེད་པའི་ཡེ་ཤུའི་ཆོས་ཁང་ཞིག་གི་ཉམས་ལེན་པ་ཁག་ཅིག་གིས་དེ་རིང་གི་ཡེ་ཤུའི་དུས་ཆེན་ཨི་སི་ཀྲར་Easterཉིན་མོ་སྲུང་བརྩི་ཞུ་རྩིས་བྱས་པའི་སྐབས་ཉིན་རྟོག་པ་ཡོང་སྟེ་ཆོས་དད་པ་འཛིན་བཟུང་བྱས་ཡོད་པ་རེད།
དེ་ཡང་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཡེ་ཤུའི་ཆོས་ཁང་དེའི་འབྲེལ་ཡོད་མི་སྣས་གསུང་དོན་ལ། རྒྱ་ནག་གཞུང་གིས་ཆོག་མཆན་མེད་པའི་ཧྲའོ་ལྦང་ཡེ་ཤུའི་ཆོས་ཁང་དེའི་ཆོས་དད་པ་ཚོ་དེ་རིང་ཡེ་ཤུའི་དུས་ཆེན་ཨི་སི་ཀྲར་ཉིན་མོར་འདུ་འཛོམས་བྱེད་པའི་སྐབས་པེ་ཅིང་ཉེན་རྟོག་པས་ཆོས་དད་པ་རྣམས་ལ་དུས་དྲན་སྲུང་བརྩི་ཞུ་རུ་མ་བཅུག་པར་བཀག་འགོག་བྱས་པ་མ་ཟད། ཁོང་ཚོ་བཙན་དབང་གིས་ས་གནས་ཉེན་རྟོག་ལས་ཁང་དུ་ཁྲིད་པའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང༌། དེ་བཞིན་ཕྱི་རྒྱལ་གསར་འགྱུར་ལས་ཁང་ཨེ་པི་ཡི་གསར་འགོད་པས། ཉེན་རྟོག་པས་ཆོས་དད་པ་བཅུ་གྲངས་ཤིག་བཙན་དབང་གིས་ཁྲིད་འགྲོ་བ་མཐོང་ཡོད་ཀྱང་ཆོས་ཁང་དེའི་འབྲེལ་ཡོད་མི་སྣས། པེ་ཅིང་ཉེན་རྟོག་པས་ཉུང་མཐར་ཆོས་དད་པ་༣༠ འཛིན་བཟུང་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཧྲའོ་ལྦང་ཆོས་ཁང་དེའི་ཆོས་ལུགས་ཉམས་ལེན་པ་ཚོས་རེས་གཟའ་ཉི་མ་ལྟར་ཆར་འདུ་འཛོམས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཐབས་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཆོས་ཁང་དེ་ནི་གཞུང་གི་ངོས་ལེན་མེད་པའི་ཆོས་ཁང་ཡིན་པ་མ་ཟད། ག་དུས་ཆོས་དད་པ་འདུ་འཛོམས་བྱེད་རིན་དུ་ཉེན་རྟོག་པས་འཛིན་བཟུང་བྱེད་པའམ་ཡང་ན་ཕྱི་ཕྱོགས་སུ་མི་གཏོང་བར་ཁྱིམ་ཚང་དུ་དོ་དམ་བྱེད་ཀྱི་ཡོད་པ་རེད།