༸གོང་ས་མཆོག་ནས་ཨོ་ལིམ་པིག་རྩེད་འགྲན་ཆེད་གསུང་འཕྲིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ཐོག་གསུང་འཕྲིན་སྩལ་གནང་ཡོད་པ་རེད་

2008.08.06

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༦ ཉིན་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་ཐོག་གསུང་འཕྲིན་ཞིག་སྩལ་གནང་བའི་ནང་༸གོང་ས་མཆོག་གིས་རིང་མིན་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལིམ་པིག་གི་གོ་སྒྲིག་ཚོགས་ཆུང་དང་ རྩེད་འགྲན་པ་ ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་བཅས་ལ་འཚམས་འདྲི་ཞུ་གི་ཡིན་ཞེས་བཀའ་སྩལ་གནང་ཡོད་པ་རེད་

ཡང་༸གོང་ས་མཆོག་གིས་ཐོག་མར་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་རྩེད་འགྲན་རྒྱ་ནག་ནང་སྐོངས་འཚོགས་གནང་རྒྱུར་སྙན་ཞུ་ཕུལ་བའི་སྐབས་ནས་༸གོང་ས་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་རྩེད་འགྲན་དེ་གོ་སྒྲིག་ཞུ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུས་ཡོད་ དེ་ནི་རྒྱ་མི་རིགས་ཐེར་འབུམ་༡དང་ཚགས་༣ཡོད་པའི་རྒྱ་ནག་མི་མང་གི་སྤོབས་སྟོབས་འཕེལ་བའི་དུས་ཚོགས་ཤིག་དང་ ཨོ་ལིམ་པིག་གི་རྩེད་འགྲན་གྱི་རྩ་དོན་དེ་མཛའ་མཐུན་དང་ གུ་ཡང་ ཞི་བ་ དེ་བཅས་གོང་སྤེལ་གཏོང་རྒྱུར་ཕན་འབྲས་ཐོན་པ་བྱེད་དགོས་ཀྱི་རེད་ ༸གོང་ས་མཆོག་གིས་ཨོ་ལིམ་པིག་གི་རྩེད་འགྲན་གྱི་དུས་སྟོན་དེ་ལམ་ལྷོང་ཡོང་རྒྱུར་སྨོན་ལམ་དང་འཚམས་འདྲི་ཞུ་གི་ཡོད་ཅེས་གསུང་འཕྲིན་སྩལ་གནང་ཡོད་པ་དེ་དག་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་དེ་རིང་རེས་གཟའ་ལྷག་པའི་ཉིན་འགྲེམས་སྤེལ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎