རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་དམ་བསྒྲགས་ཤུཌ་ཆེ་བྱེད་འཆར།

གཟའ་འཁོར་རྗེས་མ་ནས་རྒྱལ་ས་པེ་ཅིང་ནང་དུ་ཉེན་རྟོག་པས་མཚན་མོ་མྱུལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

2009.09.09

༄༅༎རིང་མིན་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་མཛད་སྒོ་རན་གྲབས་ལ་བརྟེན་རྒྱ་ནག་གཞུང་གིས་རྒྱལ་དོན་དུས་ཆེན་དེ་ལམ་ལྷོང་ཡོང་བའི་ཆེད་དུ་སྔོན་ཚུད་ནས་བདེ་འཇགས་ཀྱི་ལས་དོན་ཧ་ཅང་གི་དམ་བསྒྲགས་ཆེ་རུ་གཏོང་བ་ལྟར་གཟའ་འཁོར་རྗེས་མ་ནས་རྒྱལ་ས་པེ་ཅིང་ནང་དུ་ཉེན་རྟོག་པས་མཚན་མོ་མྱུལ་ཞིབ་ཀྱི་ལས་དོན་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

དེ་རིང་རེས་གཟའ་ལྷག་པའི་ཉིན་པེ་ཅིང་གི་གསར་ཤོག་ཅིག་ཐོག་ལ་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ནས་རྒྱལ་ས་པེ་ཅིང་དང་ཉེ་འཁོར་གྲོང་ཁྱེར་ཁག་ནང་མཚན་མོ་མྱུལ་ཞིབ་ཀྱི་ལས་དོན་འགོ་འཛུགས་རྒྱུ་ཡིན་ཞིང་སྲུང་སྐྱོབ་ཀྱི་ལས་དོན་དེ་ནི་རྒྱལ་དོན་དུས་ཆེན་རིང་ཟང་ཟིང་གི་དོན་རྐྱེན་མི་ཡོང་བ་འགོག་ཐབས་ཀྱི་ཆེད་དུ་དམིགས་པའི་ལས་གཞི་ཞིག་ཡིན་པའི་སྐོར་སྤེལ་ཡོད་པ་རེད། དེ་སྔ་རྒྱ་ནག་གི་གསར་རྗེ་འགོ་ཁྲིད་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༤༩ལོའི་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་གསལ་བསྒྲགས་བྱས་ཏེ་འདི་ལོ་མི་ལོ་དྲུག་བཅུ་ཟིན་པའི་དུས་ཆེན་གྱི་མཛད་སྒོའི་ཉིན་དམག་མིའི་རུ་སྒྲིག་དང་གླུ་གཞས་དང་འཁྲབ་སྟོན་གྱི་བྱེད་སྒོ་གཞི་རྒྱ་ཆེན་པོ་སྤེལ་རྒྱུའི་འཆར་གཞི་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་བརྒྱད་པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ལ་པེ་ཅིང་ནང་དུ་ཡར་འཛུལ་མཁན་དང་མར་འདོན་མཁན་གྱི་མོ་ཊའི་ཐོག་ཟིབ་བཤེར་ནན་པོ་བྱས་པ་དང་ས་འོག་རི་ལིའི་བབས་ཚུགས་སོགས་གནད་འགག་ཆེ་བའི་ས་ཆའི་ཐོག་ཉེན་རྟོག་པའི་བལྟ་སྲུང་ཁང་བཙུགས་ཏེ་སྲུང་སྐྱོབ་དམ་བསྒྲགས་བྱས་པ་བཞིན་ད་རེས་དེ་ལྟར་གྱིས་མོ་ཊའི་ཐོག་ཞིབ་བཤེར་བྱ་རྒྱུ་སོགས་དམ་བསྒྲགས་ཆེན་པོ་བྱ་རྒྱུ་ཡིན་ཞིང་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་དེ་ལྟ་བུའི་ཆབ་སྲིད་ཀྱི་ཚོར་བ་གཏིང་གཟབ་པའི་དུས་ཆེན་གྱི་བྱེད་སྒོ་ལམ་ལྷོང་ཡོང་རྒྱུར་མི་དམངས་ཐོག་རྡུང་རྡེག་དང་དྲག་གནོན་བྱེད་པ་ནི་རྒྱ་ནག་གུང་ཁྲན་ཏང་སྲིད་ཇུས་ཤིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎