གྲུང་ཅིང་སྤྱི་ཁྱབ་དག་སེལ་ཆེད་ཁྲིམས་རྩོད་པ་གླས་པ།
2012.06.10
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲུང་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་པའི་ལས་གནས་ནས་གནས་དབྱུངས་བཏང་བ་སྦོ་ཤི་ལའེ་ཡི་བཟའ་ཟླ་གུ་ཀའེ་ལའེ་ཡི་ནང་མིས་གུ་ཀའེ་ལའེ་ལ་བཙུགས་པའི་ནག་ཉེས་དག་སེལ་ཡོང་ཐབས་ཀྱི་ཆེད་དུ་པེ་ཅིང་གི་ཁྲིམས་རྩོད་པ་ཞིག་གླས་ཡོད་པའི་སྐོར་དེ་རིང་རོའི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྦི་ཤི་ལའེ་ཡིས་ལས་དོན་ནོར་འཁྲུལ་བྱས་པའི་ཉེས་བཙུགས་ཀྱིས་གྲུང་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ནས་གནས་དབྱུངས་བཏང་བའི་རྗེས། སྦོ་ཤི་ལའེ་ཡི་བཟའ་ཟླ་གུ་ཀའེ་ལའེ་ཡིས་ཨིན་ཇིའི་ཚོང་པ་ཞིག་ལྐོག་གསོད་བཏང་བའི་ཉེས་བཙུགས་བྱས་ཡོད་པར་བརྟེན། གུ་ཀའེ་ལའེ་ཡི་ནང་མིས་པེ་ཅིང་གི་ཁྲིམས་རྩོད་པ་ཧྲེན་ཁྲི་ཀེང་གླས་ཡོད་པ་དང༌། ཧྲེན་ཁྲི་ཀེང་ནི་རྒྱ་ནག་གཞུང་གིས་ལྐོག་ཟ་བྱས་པ་དང་ལྐོག་རྔན་ལེན་མཁན་ནག་ཉེས་བཙུགས་པའི་དཔོན་རིགས་ཚོར་དག་སེལ་བྱེད་རྒྱུར་ཉམས་མྱོང་ཅན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་རེད། རོའི་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་དེའི་སྐོར་ལ་སྦོ་ཤི་ལའེ་དང་འབྲེལ་བ་ཉེ་པོ་ཡོད་པའི་མི་སྣ་གཉིས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་བཀོད་ཡོད་པ་དང༌། མི་དེ་གཉིས་ཀྱིས། གུ་ཀའེ་ལའེ་ཡི་ནང་མིས་པེ་ཅིང་ཀྲོང་ཧེང་ཁྲིམས་རྩོད་ལས་ཁང་དང་འབྲེལ་ལམ་ཡོད་པའི་ཁྲིམས་རྩོད་པ་ཧྲེན་ཀྲི་ཀེང་གླས་ཡོད་པ་དང༌། ཧྲེན་ཀྲི་ཀེང་གི་གྱོད་དོན་ཁས་ལེན་བྱས་པའི་ནང་དུ། ལྐོག་རྔན་ལེན་པའི་ནག་ཉེས་ཀྱིས་ད་ལྟ་བཙོན་དུ་ཡོད་པའི་རྒྱ་ནག་གི་བདེ་འཇགས་བློན་ཆེན་གཞོན་པ་ཡང་ཡོད་པ་རེད།།