རྒྱ་གར་ནག་གཉིས་ཀྱིས་ས་མཚམས་ཁུལ་དུ་དམག་མི་ཇེ་མང་དུ་བཏང་ཡོད་འདུག


2020.06.04
བཙན་བྱོལ་བོད་མི་ཚོས་རྒྱ་དཀར་ནག་གཉིས་བར་ས་མཚམས་མེད་ཞེས་ལྡི་ལིར་ངོ་རྒོལ་བྱས་སྐབས། ༢༠༡༢ བཙན་བྱོལ་བོད་མི་ཚོས་རྒྱ་དཀར་ནག་གཉིས་བར་ས་མཚམས་མེད་ཞེས་ལྡི་ལིར་ངོ་རྒོལ་བྱས་སྐབས། ༢༠༡༢
AP

ཉེ་དུས་རྒྱ་གར་ལ་དྭགས་ཀྱི་སྤང་གོང་མཚོའི་ཁུལ་དུ་རྒྱ་ནག་དང་རྒྱ་གར་གྱི་དམག་མིའི་བར་འཁྲུག་འཛིང་ཤོར་བར་བརྟེན་ནས་ཡུལ་གྲུ་གཉིས་ཀས་རྩོད་རྙོག་ཆེ་བའི་ས་མཚམས་ཁུལ་ལ་དམག་མི་འཕར་མ་འགྲེམས་འཇོག་དང་དེ་བཞིན་གོ་མཚོན་ལག་ཆ་ཇེ་མང་དུ་བཏང་འདུག
དེ་ཡང་རྒྱ་ནག་གི་ངོས་ནས་བོད་ཀྱི་ས་མཐོའི་སྟེང་དེང་དུས་ཅན་གྱི་གོ་མཚོན་ལག་ཆ་ཚོད་ལྟ་བྱས་པ་དང་། དམག་རྩལ་སྦྱོང་བརྡར་བྱས་པ་མ་ཟད། ལྕགས་ཁྲབ་འཁོར་ལོ་སོགས་གོ་མཚོན་ལག་ཆ་འཕར་མ་འགྲེམས་འཇོག་བྱས་འདུག གཞུང་འབྲེལ་གྱི་སྒོ་ནས་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཁུལ་ལ་དམག་མི་ག་ཚོད་འགྲེམས་འཇོག་བྱས་ཡོད་མེད་གསལ་ཁ་བཏོན་མེད་ན་ཡང་། གནས་ཚུལ་ཐོན་གསལ་ཁག་ལ་གཞིགས་ན། རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་མིས་ལྕགས་ཁྲབ་འཁོར་ལོ་༡༥་ལྷག་ཙམ་གཙོས་པའི་དེང་དུས་ཅན་གྱི་གོ་མཚོན་ལག་ཆ་མང་པོ་འགྲེམས་འཇོག་བྱས་པ་དང་། མཁའ་དམག་གི་གནམ་གྲུ་བཏང་ནས་བོད་ཀྱི་ས་མཐོའི་སྟེང་དམག་སྦྱོང་བྱས་འདུག
རྒྱ་གར་གྱི་ཕྱོགས་ནས་ཀྱང་དུས་རྒྱུན་ལ་དྭགས་ཀྱི་རྒྱལ་ས་སླེ་ལ་ཡོད་པའི་རྐང་དམག་དཔུང་སྡེ་མི་ཉུང་བ་ས་མཚམས་ཀྱི་ཉེ་འཁྲིས་སུ་གནས་སྤོས་བྱས་ཡོད་པ་དང་། དེ་ནི་ས་མཚམས་ཁུལ་ལ་སྤྱང་གྲུང་ལྡན་པའི་ངང་སྐོར་བསྐྱོད་དང་དམག་དོན་ལས་དོན་སྤེལ་ཕྱིར་ཡིན་འདུག
ཧོང་ཀོང་ནང་རྟེན་གཞི་བྱས་པའི་དམག་དོན་ཐད་ཞིབ་འཇུག་པ་(Liang Guoliang)་ཡིས། རྒྱ་ནག་གི་ངོས་ནས་དམིགས་བསལ་གྱིས་རི་ལ་དམག་རྩལ་སྦྱོང་བརྡར་སྤྲད་པའི་རྐང་དམག་དང་། མཁའ་དམག རྫས་སྦྱོར་དང་རྡུལ་ཕྲན་མཚོན་ཆ། བཅས་བསྡུས་པའི་དམག་མིའི་རུ་ཁག་ཉུང་མཐར་ཡང་དགུ་ཙམ་བོད་ནང་འགྲེམས་འཇོག་བྱས་ཡོད་སྐོར་བརྗོད་འདུག
ཟླ་བ་སྔོན་མའི་ནང་ལ་དྭགས་ཁུལ་གྱི་ས་མཚམས་ས་ཁུལ་(Gyalwan)་ཡུལ་གཤོང་ནང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་ཤོར་ཡོད་པ་མ་ཟད། ཕྱི་ལོ་༢༠༡༧་ལོར་འབྲོག་ལམ་ཁུལ་དུ་འཁྲུག་ཟིང་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་ལ་མཚོན་ལྡན་ལྕགས་ཁྲབ་དམག་འཁོར་དང་། ཐད་འཕུར་གནམ་གྲུ མི་མེད་གནམ་གྲུ་དེ་བཞིན་རིའི་རྩེར་འཛེགས་ཐུབ་པའི་དེང་དུས་ཅན་གྱི་དམག་མིའི་སྣུམ་འཁོར་མང་པོ་ཞིག་བོད་མཐོ་སྒང་དུ་འགྲེམས་འཇོག་བྱས་ཡོད་སྐོར་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་གོ་ལའི་དུས་བབ་(Global Times)་ཡིས་གཟའ་འཁོར་འདིའི་ནང་གནས་ཚུལ་སྤེལ་འདུག
དེ་བཞིན་ཡང་རྒྱ་ནག་གིས་རྒྱ་གར་གྱི་ལ་དྭགས་ས་མཚམས་ནས་རྒྱང་ཐག་སྤྱི་ལེ་༢༠༠་ཙམ་སར་ཡོད་པའི་སྟོད་མངའ་རིས་ཀྱི་(Gunsa)་ཞེས་པའི་ས་ཁུལ་ནང་དམག་རྩལ་སྦྱོང་བརྡར་བྱས་པ་མ་ཟད། མཁའ་དམག་གནམ་གྲུའི་ལྟེ་གནས་ཀྱང་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་མི་བཟོས་རྒྱུ་སྐར་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎