དབྱིན་ཇིས་བལ་ཡུལ་ལ་ཌོ་ལར་ས་ཡ་བརྒྱད་བཅུའི་རོགས་རམ།

དབྱིན་ཇིའི་གཞུང་གིས་བལ་ཡུལ་ནང་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་ཨ་སྒོར་ས་ཡ་བརྒྱད་བཅུའི་རོགས་རམ་གནང་རྒྱུ།

2009.11.14

༄༅༎དབྱིན་ཇིའི་གཞུང་གིས་བལ་ཡུལ་ནང་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་ཨ་མི་རི་ཀའི་ཌོ་ལར་ས་ཡ་བརྒྱད་བཅུའི་རོགས་རམ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

དེ་རིང་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུ་ནས་བལ་ཡུལ་གྱི་གསར་ཤོག་ཀཐ་མན་དྲུའི་ཕོ་ཉ་ཟེར་བའི་ཐོག་གནས་ཚུལ་སྤེལ་བའི་ནང་དབྱིན་ཇི་གཞུང་གིས་ཨ་རིའི་ཌོ་ལར་ས་ཡ་བརྒྱད་བཅུའི་རོགས་རམ་གནང་རྒྱུའི་ཐག་གཅོད་གནང་བ་དེ་ནི་བལ་ཡུལ་གཞུང་གིས་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱི་ཉེན་ཁ་མེད་པ་བཟོ་རྒྱུའི་ཆེད་དུ་གནང་བ་ཞིག་ཡིན་པའི་སྐོར་བཀོད་ཡོད་ཅིང་དབྱིན་ཡུལ་གྱི་རྒྱལ་སྤྱིའི་ཡར་རྒྱས་བློན་ཆེན་གྱིས་གསུངས་པར་འཛམ་གླིང་གི་ཚ་དྲོད་འཕེལ་ཏེ་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་འཛམ་གླིང་གི་འཁྱགས་རོམ་བཞུར་ཚད་ལས་ཧི་མ་ལ་ཡའི་འཁྱགས་རོམ་བཞུར་ཚད་ཧ་ཅང་གི་མྱུར་ཚད་མགྱོགས་པོ་ཡོད་པའི་གནས་སྟངས་ལ་བརྟེན་ནས་བལ་ཡུལ་དེ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་ནང་ནས་འཁྱགས་རོམ་བཞུར་བའི་ཉེན་ཁར་གདོང་ལེན་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་གསུངས་ཡོད་པ་མ་ཟད་དབྱིན་གཞུང་གི་རྒྱལ་སྤྱིའི་ཡར་རྒྱས་ལྷན་ཁང་གི་གསལ་བསྒྲགས་ནང་དུའང་རིང་མིན་ཀོ་པེན་ཧ་གེན་དུ་ཚོགས་རྒྱུའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་དེའི་ཐོག་ལ་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་དཀའ་ངལ་སེལ་ཐབས་ལ་ཨེ་ཤེ་ཡའི་རྒྱལ་ཁབ་སྐྱོ་པོའི་རིགས་དཔེར་ན་བལ་ཡུལ་ལྟ་བུར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་དགོས་ངེས་ཀྱི་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། གང་ལྟར་དབྱིན་ཡུལ་གྱི་རྒྱལ་སྤྱིའི་ཡར་རྒྱས་ལས་ཁང་གིས་ཨ་རིའི་ཌོ་ལར་ས་ཡ་བརྒྱད་བཅུ་ཐམ་པའི་རོགས་དངུལ་དེ་རྣམས་མ་འོངས་པའི་མི་ལོ་བཅུ་ནང་ལ་བལ་ཡུལ་མི་དམངས་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་དང་ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གདོང་ལེན་བྱ་རྒྱུའི་ཆེད་དུ་འགྲོ་གྲོན་གཏང་གནང་རྒྱུའི་འཆར་གཞི་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎