རྒྱ་ནག་གི་འགོ་ཁྲིད་འོག་གནམ་གཤིས་ལྷན་ཚོགས་བླུ་ཐབས།

གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལྷན་ཚོགས་ལ་གྲུབ་འབྲས་བྱུང་མིན་རྩོད་གཞིའི་རང་བཞིན་ཅན་དུ་འགྱུར་བཞིན་ཡོད་པ་རེད།

2009.12.21

༄༅༎དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་གྱིས་ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལྷན་ཚོགས་ལ་གྲུབ་འབྲས་བྱུང་མིན་རྩོད་གཞིའི་རང་བཞིན་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་ལྷན་ཚོགས་དེ་རྒྱལ་ཁབ་རེ་ཟུང་གིས་བླུ་ཐབས་བྱས་པའི་སྐྱོན་འཛུགས་གནང་འདུག

དབྱིན་ཇིའི་སྲིད་བློན་གྱིས་རྒྱ་ནག་ཅེས་མིང་འདོན་དངོས་སུ་མ་གནང་ཡང་དབྱིན་ཇིའི་ཁོར་ཡུག་བློན་ཆེན་མཱི་ལི་སྦེན་ཌི་ཡིས་རྒྱ་ནག་གི་འགོ་ཁྲིད་པའི་རྒྱལ་ཁབ་ཉུང་ཤས་ཤིག་གིས་ལྷན་ཚོགས་དེ་མི་མང་བཞད་གད་ཀྱི་ཟློས་གར་བསྟན་པ་རེད་ཅེས་སྐྱོན་འཛུགས་གནང་འདུག   

མཐའ་མཇུག་ཏུ་གྲོས་མཐུན་འཇོག་གནང་ཐུབ་ཡོད་ཀྱང་ཕྱི་ལོ་༢༠༥༠་ཤར་སྐབས་དུག་རླངས་འཕྲོ་བའི་ཚད་གཞི་བརྒྱ་ཆ་༥༠་དང་༨༠་བཅོག་འཕྲི་བྱ་རྒྱུའི་གྲོས་མཐུན་འཇོག་ཐུབ་མེད་ཅིང་། གྲོས་འཆར་དེ་ཚོར་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་པ་ཡོད་ལུགས་ཁོང་གིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག རྒྱ་ནག་ནི་ཁོར་ཡུག་སྦག་བཙོག་བཟོ་མཁན་ཆེ་ཤོས་ཡིན་པ་དང་ཁོར་ཡུག་ནང་ནག་རྫས་དུག་རླངས་བཏང་ཚད་ལ་རྒྱལ་སྤྱིའི་ཐོག་ནས་བལྟ་ཞིབ་བྱ་རྒྱུའི་ཕྱི་གསལ་ནང་གསལ་བྱ་རྒྱུར་མོས་མཐུན་བྱས་མེད་པ་རེད། མདོ་དོན་ཉེ་ལམ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་འགོག་ཐབས་ཀྱི་ལྷན་ཚོགས་ལ་གྲུབ་འབྲས་བྱུང་མིན་རྩོད་གཞིའི་རང་བཞིན་ཅན་དུ་འགྱུར་བཞིན་པ་མ་ཟད། དུག་རླངས་གཏོང་ཚད་ཉུང་འཕྲི་བྱ་ཕྱོགས་ཐད་ཁྲིམས་ཐོག་ནས་འགན་ཁུར་མེད་པས་རྒྱལ་ཁབ་སོ་སོས་དང་བླངས་ཐོག་གང་ཐུབ་བྱ་རྒྱུའི་གནས་སུ་ལྷུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎