ཨ་རིའི་སྲིད་འཛིན་ནས་རྒྱའི་འགྲོ་བ་མིའི་ཐོབ་ཐང་ལ་ཐུཌ་འཚབ།

ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དང་རང་དབང་ལ་ཐུགས་འཚབ་གཏིང་ཟབ་ཡོད་ལུགས་གསུངས་འདུག

2008.08.09

༄༅༎ཨ་རིའི་སྲིད་འཛིན་ཇོ་ཇེ་སྦུའུ་ཤེ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་དང་མཇལ་འཕྲད་མ་གནང་བའི་སྔ་ནུབ་ཏུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ ཆོས་དང་རང་དབང་ལ་ཐུགས་འཚབ་གཏིང་ཟབ་ཡོད་ལུགས་གསུངས་གནང་འདུག ཨ་རིའི་སྲིད་འཛིན་གྱིས་བདུན་རེའི་ནང་རླུང་འཕྲིན་ཐོག་གསུང་འཕྲིན་ཞིག་འཆར་ཅན་གནང་སྲོལ་ཡོད་ཅིང་ཨ་མི་རི་ཀས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་བློ་འཚབ་གནང་གི་ཡོད་པ་གསལ་པོ་གཏམ་བཤད་བྱེད་ཀྱི་ཡོད་ཅེས་དང་ རྒྱ་ནག་གི་ནུས་པ་ཡོངས་རྫོགས་མངོན་དུ་འགྱུར་བར་བྱེད་པར་ མི་མང་ལ་ཡིད་ཆེས་གནང་སྟེ་རྒྱ་ནག་གཞུང་གིས་རང་དབང་ཆེ་རུ་གཏོང་གལ་ཆེ་བ་ཤིན་ཏུ་གསལ་པོ་བཟོས་ཡོད་ཅེས་སྲིད་འཛིན་སྦུའུ་ཤེ་མཆོག་གིས་གསུངས་གནང་འདུག ཨ་རིའི་སྲིད་འཛིན་གྱི་སྐབས་འདིའི་གཞུང་དོན་ཕྱོགས་བསྐྱོད་རིང་ད་བར་སྔ་རྗེས་ལན་གསུམ་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་ཅིང་ རྒྱ་ནག་མི་མང་ལ་གཏམ་བརྗོད་རང་དབང་དང་ ཆོས་དད་རང་དབང་ཐོབ་ན་ འབྱུང་འགྱུར་རྒྱ་ནག་ལ་ཉེན་ཚབས་བཟོ་ཉེན་མེད་པ་དང་ མི་མང་དེ་དག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་རྒྱ་ནག་རྒྱལ་ཁབ་ཆེན་པོ་འཛུགས་སྐྲུན་བྱེད་ངེས་ཡིན་པ་ངོས་རང་རྒྱ་ནག་ཏུ་བལྟ་སྐོར་བྱེད་རིང་ངེས་པ་རྙེད་བྱུང་ཞེས་ཨ་རིའི་སྲིད་འཛིན་སྦུའུ་ཤེ་མཆོག་གིས་གསུངས་གནང་འདུག

རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་སྦུའུ་ཤེ་མཆོག་ཡེ་ཤུའི་མཆོད་ཁང་དུ་ཕེབས་སྐབས་ཆོས་དད་རང་དབང་སྐོར་གཏམ་བཤད་གནང་ངེས་པ་ཡིན་པ་རེད་ ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་དང་སྲིད་བློན་ལྦེན་ཅ་པའོ་གཉིས་སོ་སོར་མཇལ་འཕྲད་གནང་འཆར་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎