ཅང་ཙེ་མིན་གྱིས་ཡེ་ཤུའི་གསུང་རབས་ལ་ཡིད་ཆེས་མེད་པ།

ཅང་ཛེ་མིན་གྱིས་ཡེ་ཤུའི་གསུང་རབས་སྦའེ་སྦལ་ལ་ཡིད་ཆེས་བྱེད་ཀྱི་མེད་ཅེས་ཨ་རིའི་སྲིད་འཛིན་ཟུར་པས་དེབ་ནང་བརྗོད་འདུག

2010.11.10

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇོཇ་ཌབ་ལུ་སྦུཤ་མཆོག་གིས་བརྩམས་བྲིས་གནང་བའི་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ནང༌། དེ་སྔོན་ ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་རྒྱ་ནག་ནང་ཆོས་ལུགས་རང་དབང་སྤྲོད་དགོས་པའི་སྐུལ་ལྕགས་གནང་སྐབས། ཅང་ཛེ་མིན་གྱིས་ ཡེ་ཤུའི་གསུང་རབས་སྦའེ་སྦལ་ལ་ཡིད་ཆེས་བྱེད་ཀྱི་མེད་ཅེས་བརྗོད་ཡོད་པའི་གནས་ཚུལ་བཀོད་གནང་འདུག།

ཡེ་ཤུའི་ཆོས་ལ་དད་པ་གནང་མཁན་སྲིད་འཛིན་ཟུར་པ་ཇོཇ་ཌབ་ལུ་སྦུཤ་ཡིས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཐེངས་དང་པོ་ཐུག་འཕྲད་སྐབས་ ཁོང་གིས་ཡེ་ཤུའི་ཆོས་ལ་དད་པ་གནང་གི་ཡོད་པ་དང༌། ཉིན་ལྟར་སྦའེ་སྦལ་གཟིགས་ཀྱི་ཡོད་སྐོར་གསུངས་ཏེ། ཆོས་དད་རང་དབང་སྐོར་བཀའ་མོལ་གནང་རྩིས་གནང་ཡོད་རུང༌།

རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱིས་ཁོ་རང་སྦའེ་སྦལ་ལ་ཡིད་ཆེས་བྱེད་ཀྱི་མེད་ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་ལན་བྱས་ཡོད་སྐོར་  བུཤི་ཡི་ལོ་རྒྱུས་ཕྱག་དེབ་ནང་བྲིས་གནང་བཞག།

ཨ་རིའི་ནང་ཁ་ས་འགྲེམས་སྤེལ་གནང་བའི་སྦུཤ་ཡི་རང་རྣམ་ལོ་རྒྱུས་ཕྱག་དེབ་དེའི་ནང་ཅང་གི་རྗེས་ཤུལ་འཛིན་མཁན་  རྒྱ་ནག་གི་སྲིད་འཛིན་ ཧུ་ཅིང་ཏའོ་ཐུག་འཕྲད་སྐབས་། ༢༠༠༧ལོར་བོད་པའི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སྐབས།  ཧུ་ཅིང་ཏའོ་ཡིས་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་དེ་ཚུགས་པ་ཡིན་ན་རྒྱ་ནག་མི་དམངས་ཀྱིས་དེར་སྐྱོན་བརྗོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང༌།  སྦུཤ་ཕྱག་དེབ་ནང་ སྲིད་འཛིན་ཧུ་ཡི་འགྲེལ་བརྗོད་བྱེད་ཡག་གི་སྐྱོན་བརྗོད་དེ་གོ་དོན་ངོ་མ་དེ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་རྒྱུའི་འཆར་གཞིར་ངོ་རྒོལ་བྱ་རྒྱུ་ཡིན་ལུགས་ཀྱི་བརྡ་བསྟོན་ཡིན་པ་མཁྱེན་རྟོགས་བྱུང་ཞེས་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎