ཨ་རིའི་རྒྱལ་དོན་སྲུང་སྐྱོབ་སྡེ་ཚན་ནས་རྒྱ་གཞུང་ལ་འབོད་སྐུལ།

རྒྱ་ནག་གཞུང་ནས་ཆོས་དད་རང་དབང་དང༌གསར་འགོད་རང་དབང་སོགས་ཀྱི་གནད་དོན་ཐོག་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ལེན་དགོས།

2008.07.31

༄༅༎རྒྱ་ནག་གཞུང་ནས་ཨོ་ལིམ་པིག་རྩེད་འགྲན་དང༌བསྟུན་ནས་ཆོས་དད་རང་དབང་དང༌། གསར་འགོད་རང་དབང་སོགས་ཀྱི་གནད་དོན་ཐོག་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ལེན་དགོས་ལུགས་ཨ་རིའི་རྒྱལ་དོན་སྲུང་སྐྱོབ་ལས་དོན་ཚན་པས་གསུངས་འདུག།

ཨ་རིའི་སྲིད་འཛིན་སྦུ་ཤེ་མཆོག་རིང་མིན་རྒྱ་ནག་ཏུ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་རྒྱུ་ཐུགས་གཏན་འཁེལ་བ་ལྟར་ཁུལ་དེར་བཞུགས་རྒྱུན་རིང་ཡེ་ཤུའི་ལྷ་ཁང་ཞིག་ཏུ་རེས་གཟའ་ཉི་མའི་ཆོས་འབྲེལ་ནང་མཉམ་ཞུགས་གནང་རྒྱུའི་མཛད་འཆར་ཡོད་ལུགས་རྒྱལ་དོན་སྲུང་སྐྱོབ་ཚན་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་དྲེ་ནིསི་ལྦིལ་དྲར་མཆོག་ནས་གསུངས་འདུག། ཡང་ཁོང་གིས་མུ་མཐུད་ནས། སྲིད་འཛིན་མཆོག་རྩེད་འགྲན་གྱི་མཛད་སྒོ་གཅིག་པུའི་ཐོག་མ་ཡིན་པར་རྒྱ་ནག་གི་དཔོན་རིགས་ཚོའི་ལྷན་དུ་མཇལ་འཕྲད་གནང་རྒྱུ་དང༌། སྐབས་དེར་གནད་དོན་མང་པོ་ཞིག་ཐོག་བཀའ་བསྡུར་གནང་འཆར་ཡོད་ལུགས་འགྲེལ་བརྗོད་གནང་འདུག། དེ་དང་ཕྱོགས་མཚུངས་ཁོང་གིས། རྒྱ་ནག་གཞུང་ནས་ཨོ་ལིམ་པིག་རྩེད་འགྲན་གྱི་གོ་སྐབས་དང་བསྟུན་ནས་རྒྱ་ནག་ནང༌། ཆོས་དད་དང༌། གསར་འགོད། སྨྲ་བརྗོད་རང་དབང་སོགས་གནད་དོན་ཐོག་ཡར་རྒྱས་གཏོང་རྒྱུ་དང༌། དེ་ཡང་འཕྲལ་སེལ་ཙམ་མ་ཡིན་པར་ཕུགས་འརྒྱང་རིང་པོའི་ཐོག་ནས་འགྱུར་བ་གཏོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ལ་དེ་ནི་རྒྱ་ནག་རང་ཉིད་ཀྱི་སྤྱི་ཚོགས་ཀྱི་ཁེ་ཕན་ཞིག་ཀྱང་རེད་ཅེས་གསུངས་འདུག། གང་ལྟར་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུར་ཕྱོགས་མང་པོ་ ཞིག་ནས་སྐྱོན་བརྗོད་ཞུ་གི་ཡོད་ཀྱང་སྲིད་འཛིན་མཆོག་ནས་ཆབ་སྲིད་དང་རྩེད་འགྲན་གཉིས་མཉམ་བསྲེས་བྱེད་རྒྱུ་མེད་ལུགས་གསུངས་པ་དང༌། ཆབས་ཅིག་རྒྱ་ནག་ནས་མ་འགྲིགས་པའི་གནད་དོན་རིགས་ཐད་ཀར་གསུངས་རྒྱུའི་འཆར་གཞི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎