ཀེམ་སྦོ་ཌི་ཡའི་ཡུལ་དུ་དུས་སྟོན་ཞིག་སར་རྐྱེན་ངན་ཚབས་ཆེ།

ཀེམ་སྦོ་ཌི་ཡའི་འདུ་འཛོམས་ཤིག་གི་སར་འཇིགས་སྣང་གི་འུར་འདྲོག་ཆེན་པོ་བྱུང་བའི་དོན་རྐྱེན་ནང༌མི་གྲངས་མང་པོ་རྐྱེན་འདས་སུ་གྱུར་བ།

2010.11.23

༄༅༎འདི་ཚེས་༢༣ཉིན་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཀེམ་སྦོ་ཌི་ཡའི་ནང་མང་ཚོགས་འདུ་འཛོམས་ཤིག་གི་སར། འཇིགས་སྣང་གི་འུར་འདྲོག་ཆེན་པོ་ཞིག་བྱུང་བའི་དོན་རྐྱེན་ནང༌། ད་བར་མི་གྲངས་བཞི་བརྒྱ་མིན་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་དང༌། ཡང་མི་གྲངས་བདུན་བརྒྱ་ལྔ་བཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག 

དེ་ཡང་ཀེམ་སྦོ་ཌི་ཡ་ནང་ལོ་ལྟར་ད་ལྟའི་དུས་ཚོད་འདིའི་སྐབས་སུ། རྒྱལ་ཁབ་དང་མང་ཚོགས་ཀྱིས་དགའ་མོས་དང་བརྩི་ཐོངས་ཆེན་པོ་བྱེད་པའི་ཆུ་རྩེད་རྩེ་བའི་དུས་སྟོན་ཆེན་པོ་ཞིག་སྲུང་བརྩི་ཞུ་སྲོལ་ཡོད་ཅིང༌། ཉིན་དེར་རྒྱལ་ཁབ་ཁྱོན་ཡོངས་ནས་མི་མང་ཆེས་མང་པོ་ཡུལ་དེའི་རྒྱལ་ས་ཕི་ནོམ་པེན་གྱི་ནང་ཡོད་པའི་གཙང་ཆུའི་ཁར་འཛོམས་ཏེ་ཆུ་རྩེད་རྩེ་གི་ཡོད་པ་ལྟར། འདི་ལོར་ཡང་དུས་སྟོན་སྲུང་བརྩི་བྱེད་པའི་སྐབས། མང་ཚོགས་ནང་གཏམ་འཆལ་ཞིག་ཁྱབ་ཏེ། འུར་འདྲོག་ཀྱིས་དངངས་སྐྲག་ནང༌མི་མང་ཆེས་མང་རྡོག་བརྫིས་ཐེབས་ཏེ། ད་བར་མི་གྲངས་ ༣༧༨ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང༌། གྲངས་འབོར་དེ་ད་དུང་ཆེ་རུ་འགྲོ་བའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྐྱེན་ངན་འདིའི་འབྱུང་རྐྱེན་ཇི་ཡིན་ད་ཆ་གསལ་པོ་ཤེས་ཀྱི་མེད་ཀྱང༌། སྲིད་བློན་ཧན་སེན་གྱིས་དེར་གཞུང་འབྲེལ་ཐོག་ནས་རྩད་ཞིབ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎