ཡེ་ཤུའི་བླ་ཆེན་འདེམས་ཐོན།


2013.03.13
ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་གསར་པ་འདེམས་ཐོན་བྱུང་བའི་གནས་ཚུལ།
ཨེ་ཨེཕ་པི།

༄༅།ཕྱི་ཟླ་༣ཚེས་༡༣རེས་གཟའ་ལྷག་པའི་ཉིན་ཨར་ཇེན་ཊི་ནའི་ཡེ་ཤུའི་བླ་མ་Jorge Mario Bergoglia མཆོག་དེ་རིང་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བླ་མ་ཆེ་ཁག་༡༡༥ཡིས་མང་མོས་ཐོག་ཡེ་ཤུའི་བླ་ཆེན་པོབ་ལ་འོས་འདེམས་གནང་འདུག ཁོང་ནི་ལྷོ་ཨ་མེ་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་Argentina རྒྱལ་ས་Buenos Aires ནང་འཁྲུངས་པ་དང་ཁོང་ནི་གླིང་ཕྲན་དེ་ནས་ཡེ་ཤུའི་བླ་ཆེན་པོབ་ལ་འོས་འདེམས་ཞུས་པ་ཐོག་མ་དེ་ཡིན་འདུག་
དགུང་གྲངས་༨༥་ཕེབས་པ་ཡེ་ཤུའི་བླ་ཆེན་Pope Benedict XVI པོ་མཆོག་ནི་Pope ༢༢༦པ་དེ་ཡིན་པ་དང་ཁོང་གློ་བུར་དུ་དགོངས་ཞུ་གནང་བའི་རྗེས་སུ་ད་ཆ་པོབ་རྗེས་མ་དེ་ཆཌ་རྒྱུར་དགའ་མོས་ཆེ་བའི་མཚན་གསུམ་ཐོན་བཞིན་ཡོད་ཅིང་། ཁོང་རྣམས་ནི་Italy བླ་ཆེན་Angelo Scola དང་Brazil ཡི་བླ་ཆེན་Odilo Scherer ཁེ་ན་ཌའི་བླ་ཆེན་Marc Ouelet བཅས་ཡིན་པ་དང་ཁོང་རྣམས་པོབ་Benedict མཆོག་དང་མཚུངས་པར་སྔར་སྲོལ་ལ་དགའ་མོས་གནང་མཁན་ཞིག་ཡིན་འདུག  ཡང་Manila བླ་ཆེན་Luis Antonio Tagel དང་ལྷོ་ཨ་ཕེ་རི་ཀའི་བླ་ཆེན་Wilfred Napier གཉིས་ལ་ཡང་རེ་བ་ཆེན་པོ་ཡོད་འདུག་  ཁ་ས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་མེ་རི་ཀའི་བླ་ཆེན་ཞིག་Pope ལ་བསྐོ་བཞག་བྱུང་བ་ཡིན་ན། ཁོང་ཡང་གཞན་རྣམས་དང་མཚུངས་པར་ནུས་པ་ཅན་ཞིག་ཆཌ་རྒྱུ་ཡིན་ལུཌ་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎