བོད་ཀྱི་རྒྱལ་ས་ལྷ་སར་འབར་རྫས་བླུཌ་པའི་སྒམ་ཞིག་བརྙེད་པ།

བོད་ཀྱི་རྒྱལ་ས་ལྷ་སའི་མེ་འཁོར་བབས་ཚུགས་སར་འབར་རྫས་བླུགས་པའི་སྒམ་ཞིག་བརྙེད་ཡོད་པའི་གནས་ཚུལ་བཀོད་འདུག

2009.03.18

༄༅༎རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མིའི་བརྒྱུད་ལམ་ཞིག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་མེ་འཁོར་བབས་ཚུགས་སར་འབར་རྫས་བླུགས་པའི་སྒམ་ཞིག་བརྙེད་ཡོད་པའི་གནས་ཚུལ་བཀོད་འདུག

དེ་ཡང་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་གིས་གོང་ཞུས་དྲག་ཆས་ཉེན་རྟོག་དམག་མིའི་བརྒྱུད་ཞིག་ནས་གནས་ཚུལ་སྤེལ་བ་ལུང་འདྲེན་བྱས་པའི་ནང་འདི་ལོ་དཔྱིད་ཀའི་འགོ་སྟོད་མཚམས་སུ་དྲག་ཆས་ཉེན་རྟོག་དམག་མིས་ལྷ་སའི་མེ་འཁོར་བབས་ཚུགས་སར་མྱུལ་ཞིབ་བྱེད་པའི་སྐབས་སུ་སྒམ་ཞིག་བླུགས་ཞག་ཡོད་པའི་ནང་བརྟག་དཔྱད་བྱས་སྐབས་དེའི་ནང་འབར་རྫས་བླུགས་ཡོད་པ་དང་དེ་ཁ་ཕྱེ་ནས་དུས་ཡུན་སྐར་མ་བཅུ་བཞི་ནང་ཚུད་ཚང་མ་གཏོར་བཤིག་བཏང་ཐུབ་ནས་དེ་ཁུལ་དུ་མི་ཤི་སྐྱོན་ཆགས་སོགས་གང་ཡང་བྱུང་མེད་ལུགས་གནས་ཚུལ་བཀོད་པ་ལས་སྒམ་དེ་ཆེ་ཆུང་གང་འདྲ་ཡོད་མེད་དང་དུས་ཚོད་ག་དུས་བརྙེད་ཡོད་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མེད་པ་རེད། གནས་ཚུལ་དེའི་ཐོག་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་མགྲིན་ཚབ་པ་ཞིག་ལ་བཅར་འདྲི་བྱས་པའི་སྐབས་གོང་ཞུས་མགྲིན་ཚབ་པས་གནས་ཚུལ་དེ་བྱུང་བ་ངོས་ལེན་བྱས་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎