རྒྱ་ནག་ནང་གསར་འགོད་པར་མུ་མཐུད་འགོག་རྐྱེན་སྤྲོད་བཞིན་པ།

རྒྱ་ནག་ནང་གསར་འགོད་པར་འགོག་རྐྱེན་བསྟུད་མར་སྤྲད་པའི་རྐྱེན་ཕྱི་ཕྱོགས་ནས་སྐྱོན་བརྗོད་མུ་མཐུད་བྱུང་བཞིན་ཡོད་པ།

2008.05.08

༄༅༎རྒྱ་ནག་གཞུང་གིས་ འདི་ལོ་དབྱར་ཀ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་ དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཕྱོགས་དང་སྔོག་བཤེར་བྱ་ཕྱོགས་ཐད་དམ་བསྒྲགས་ཀྱི་བཀག་སྡོམ་བྱེད་མིན་དང་ དེ་བཞིན་ཨོ་ལིམ་པིག་རྩེད་འགྲན་དང་འབྲེལ་བའི་བཅའ་དངོས་ལ་ཆོག་མཆན་མེད་པར་ ནག་ཚོང་ཁྲོམ་རའི་ནང་བཅའ་དངོས་རྫུན་བཟོ་དང་ཚོང་འགྲེམས་བྱ་མཁན་ཚོར་ དམ་བསྒྲགས་བཀག་སྡོམ་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག་༎

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ ཝང་ཝེ་ ཡིས་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་ཚོས་ ཨོ་ལིམ་པིག་རྩེད་འགྲན་དང་འབྲེལ་བའི་གནས་ཚུལ་བཀོད་ཕྱོགས་ལ་རང་དབང་ཆ་ཚང་ཡོད་ལུགས་ཀྱི་ཁས་ལེན་དང་གཏམ་བཤད་རིམ་པ་བྱས་ཡོད་ཀྱང་ དོན་དངོས་ཐོག་རྒྱ་ནག་ནང་གསར་འགོད་པས་གནས་ཚུལ་མཁོ་སྒྲུབ་དང་བཀོད་ཕྱོགས་ཐོག་ལ་འགོག་རྐྱེན་བསྟུད་མར་སྤྲད་པའི་རྐྱེན་ཕྱི་ཕྱོགས་ནས་སྐྱོན་བརྗོད་མུ་མཐུད་བྱུང་བཞིན་ཡོད་པ་རེད་ དམིགས་ཀར་རྒྱ་ནག་ནང་འཛམ་གླིང་དྲ་རྒྱའི་ཐོག་རྒྱ་ནག་གཞུང་ལ་ཕོག་སྡུག་དང་སྐྱོན་བརྗོད་ཀྱི་དྲ་རྒྱ་ཡོངས་རྫོགས་བཀག་སྡོམ་བྱེད་བཞིན་ཡོད་ལ་ དཔེར་ན་ བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དང་ ཡང་བོད་དོན་འཐབ་བརྩོད་དང་འབྲེལ་བའི་དྲ་རྒྱ་སོགས་ རྒྱ་ནག་ནང་ནས་སྔོག་བཤེར་བཀག་སྡོམ་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གི་ཨོ་ལིམ་པིག་རྩེད་འགྲན་སྐབས་ དྲ་རྒྱའི་ཐོག་གནས་ཚུལ་སྔོག་བཤེར་དང་འཚོལ་ཞིབ་བྱ་རྒྱུར་གུ་ཤངས་ཀྱི་ཁས་ལེན་བྱ་རྒྱུའི་ཚབ་ད་དུང་བཏང་འཛིན་དང་དམ་བསྒྲགས་མུ་མཐུད་བྱ་སྲིད་པའི་སྔོན་བརྡ་བཏང་འདུག དེ་ཡང་རྒྱ་ནག་གི་འཕྲུལ་རིག་བློན་ཆེན་ཝང་ཀང་གིས་ད་རིང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་སར་ དྲ་རྒྱ་དང་འབྲེལ་བའི་གནས་ཚུལ་རིགས་ལ་རྒྱ་ནག་གཞུང་ཕྱོགས་ནས་ཟབ་ནན་ཆེན་པོ་བྱེད་སྐོར་དང་ ཨོ་ལིམ་པིག་རྩེད་འགྲན་སྐབས་དྲ་རྒྱ་བྱེད་སྤྱོད་ཀྱི་རང་དབང་གང་ཡང་སྤྲོད་རྒྱུ་ཡིན་ཡང་ དྲ་རྒྱའི་ལྟེ་གནས་གང་རུང་ཐོག་བཏང་འཛིན་བྱེད་མི་བྱེད་དང་ ཡང་ན་སྔོག་བཤེར་བཀག་སྡོམ་བྱེད་མིན་ཐད་ད་ལྟ་ཁ་གསལ་ཐག་གཅོག་བྱུང་མེད་སྐོར་འགྲེལ་བརྗོད་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎