རྒྱ་ནག་ཏུ་གཙང་ཆུ་ཁ་སྒྱུར་ཆེད་ཡུལ་མི་གནས་སྤོས།

རྒྱ་ནག་གཞུང་གིས་ཧེ་ནན་ཞིང་ཆེན་གྱི་ཆུ་ཁ་སྒྱུར་གཏོང་རྒྱུའི་ལས་གཞི་དེའི་ཐོག་ནས་ས་གནས་ཡུལ་མི་འབུམ་གཅིག་ལྷག་གནས་སྤོ་བྱས་ཟིན།

2011.08.25

༄༅༎རྒྱ་ནག་གཞུང་གིས་ཧེ་ནན་ཞིང་ཆེན་གྱི་ཆུ་ཁ་སྒྱུར་གཏོང་རྒྱུའི་ལས་གཞི་དེའི་ཐོག་ནས་ས་གནས་ཡུལ་མི་འབུམ་གཅིག་དང་ཁྲི་ལྔ་ལྷག་ས་གནས་གཞན་དུ་གནས་སྤོ་བྱས་ཟིན་ཡོད་པ་དང༌། ད་དུང་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་རིང་རེས་གཟའ་ཕུར་བུའི་ཉིན་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང༌། རྒྱ་ནག་གི་ལྷོ་བྱང་གཙང་ཆུ་ཁ་སྒྱུར་གཏོང་རྒྱུའི་ལས་གཞིའི་ཆེན་པོ་དེའི་འོག་ད་དུང་ཧེ་ནན་ཞིང་ཆེན་གནང་གི་མི་དམངས་ཁྲི་གཅིག་དང་སྟོང་ཕྲག་གཉིས་ལྷག་འདི་ལོའི་ཕྱི་ཟླ་བཅུའི་གོང་ས་གནས་གཞན་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་ཅིང༌། ཆུ་ཁ་སྒྱུར་གྱི་ལས་གཞི་གཞི་རྒྱ་ཆེན་པོ་དེ་ནི། འབྲི་ཆུ་གཙང་པོ་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་པའི་ཐན་པའི་དཀའ་ངལ་ཡོད་པའི་རྒྱ་ནག་གི་བྱང་ཕྱོགས་ཁུལ་དུ་ཆུ་ཡུར་འདྲེན་རྒྱུ་ཡིན་པ་རེད།

ད་ལྟ་བར་མི་དམངས་གནས་སྤོ་བྱས་ཟིན་པ་མང་ཆེ་བ་ནི། ཏན་ཅང་ཀོ་ཆུ་མཛོད་ཀྱི་ཉེ་འདབས་སུ་གནས་སྡོད་བྱེད་མཁན་གྱི་ཞིང་པ་མི་དམངས་ཡིན་ཞིང༌། རྒྱ་ནག་གཞུང་གིས། ལྷོ་བྱང་གཙང་ཆུ་ཁ་སྒྱུར་གྱི་ལས་གཞི་ཟེར་བ་དེ་ནི། ཆུ་ཡུར་གསུམ་བཟོ་སྐྲུན་བྱ་རྒྱུ་ཡིན་པ་དང༌། དེ་ནི་ཤར་དང༌། དབུས། ནུབ་ཡིན་ཞིང༌། དབུས་ཀྱི་ཆུ་ཡུར་འཛུགས་སྐྲུན་གྱི་ལས་གཞི་དེའི་ཐོག་ནས་ཧེ་ནན་དང་ཧུ་བེ་ཞིང་ཆེན་གཉིས་ནས་མི་དམངས་འབུམ་གསུམ་དང་ཁྲི་གསུམ་ས་གནས་གཞན་དུ་གནས་སྤོ་བྱས་པ་དང༌། རྒྱ་ནག་གི་དབུས་ཞིང་ཆེན་ནས་མི་དམངས་ཆིག་ཁྲི་ལྔ་སྟོང་ལྷག་གནས་སྤོ་བྱས་ཟིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎