བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་ཞིག་སྐུ་གཤེགས་པར་མྱ་ངན།

བོད་དོན་རྒྱབ་སྐྱོར་གནང་མཁན་ཇར་མན་གྱི་ཆབ་སྲིད་མི་སྣ་གྲགས་ཅན་སྐུ་ཞབས་ཨོ་ཊོ་ལེམ་སྦིསི་ཌོཕ་སྐུ་ཚེ་མ་ཟིན་པའི་གནས་ཚུལ།

2009.12.08

༄༅༎བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཁྱབ་སྤེལ་ཡོང་རྒྱུར་གཙོ་དོན་གནང་མཁན་རྒྱུན་རིང་བོད་མིར་རྒྱབ་སྐྱོར་གནང་མཁན་ཇར་མན་གྱི་ཆབ་སྲིད་མི་སྣ་གྲགས་ཅན་སྐུ་ཞབས་ཁཱ་འོནཊ་ཨོ་ཊོ་ལེམ་སྦིསི་ཌོཕ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བར་བཙན་བྱོལ་བོད་གཞུང་གིས་མྱ་ངན་རྗེས་དྲན་གནང་འདུག།

སྐུ་ཞབས་ཁཱ་འོནཊ་ཨོ་ཊོ་ལེམ་སྦིསི་ཌོཕ་ནི་ཇར་མན་ནང་གི་ཆབ་སྲིད་མི་སྣ་ཤུགས་རྐྱེན་ཆེ་ཤོས་གྲས་ཤིག་ཡིན་ཞིང་ ཁོང་ཕྱི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནུབ་ཇར་མན་གྱི་རྒྱལ་ས་རྙིང་པ་བཱོན་གྱི་སྨན་ཁང་ཞིག་ནང་སྐུ་ཚེ་འདས་ཤིང་སྐབས་དེར་ཁོང་དགུང་གྲངས་༨༢ལ་ཕེབས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་ཆོས་རིགས་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་ཀྱི་མཚན་ཐོག་ནས་གསུང་འཕྲིན་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་ བོད་གཞུང་གི་བཀའ་ཤག་གི་ངོས་ནས་ཁཱ་འོནཊ་ཨོ་ཊོ་ལེམ་སྦིསི་ཌོཕ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ལ་མྱ་ངན་རྗེས་དྲན་ཞུ་གི་ཡོད་ཅེས་དང་ ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་འདིས་བོད་མིའི་བདེན་དོན་ཁྱབ་སྤེལ་ཤུགས་ཆེ་གནང་མཁན་གྱི་ཚད་ཐུབ་འཕེར་བའི་བོད་པའི་གྲོགས་པོ་ཞིག་མེད་པར་གྱུར་བ་ཞིག་ཡིན་པ་དང་ བོད་མི་ཚོས་ཁོང་གི་རྗེས་བཤུལ་ནང་མི་ཚོར་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ཅེས་གསུངས་འདུག།

ཁཱ་འོནཊ་ཨོ་ཊོ་ལེམ་སྦིསི་ཌོཕ་གྱིས་སྣེ་འཁྲིད་པའི་ཕཱེ་ཌི་རིཁ་ནའོ་མཱེན་ཐེབས་རྩ་ལས་ཁང་གི་རོགས་རམ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གིས་ ཕྱི་ལོ་༡༩༩༦ལོར་ཇར་མན་གྱི་རྒྱལ་ས་བཱོན་དང་༢༠༠༠ཐམ་པའི་ལོར་ཇར་མན་གྱི་རྒྱལ་ས་བཱར་ལཱིན་༢༠༠༣ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱག་དེ་རྗེས་༢༠༠༧ལོར་ཡོ་རོབ་སྤྱི་མཐུན་སྒྲིག་འཛུག་གི་རྟེན་གཞི་སྦརཱ་སེལསི་བཅས་ཀྱི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་གོ་བསྒྲིགས་ཞུ་ཐུབ་པ་བྱུང་ཡོད་པ་རེད་ལ་ དེ་བཞིན་ཐེབས་རྩ་ལས་ཁང་འདིའི་རོགས་རམ་ལ་བརྟེན་ནས་ རྒྱ་གར་གྱི་རྒྱལ་ལྡི་ལིར་རྟེན་གཞི་བྱེད་པའི་བོད་ཀྱི་གྲོས་ཚོགས་དང་ཆབ་སྲིད་ཉམས་ཞིབ་ལྟེ་གནས་ཁང་གསར་འཛུགས་ཐུབ་པ་བྱུང་བ་དེ་དག་གི་ཐོག་ནས་ བོད་ཀྱི་གནད་དོན་རྒྱལ་སྤྱིའི་ལྡིང་ཆའི་སྟེང་མངོན་ཐུབ་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་བར་ཁྱེད་ཀྱི་སྐུ་ཟླ་འདས་པོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་བོད་གཞུང་བཀའ་ཤག་གིས་གནང་པའི་ཐུགས་གསོའི་འཚམས་འཕྲིན་དེའི་ནང་གསུངས་ཡོད་པ་རེད།

ཁཱ་འོནཊ་ཨོ་ཊོ་ལེམ་སྦིསི་ཌོཕ་ནི་ཕྱི་ལོ་༡༩༧༧ནས་༡༩༨༢བར་དང་དེ་རྗེས་ཕྱི་ལོ་༡༩༨༢ནས་༡༩༨༤བར་ཇར་མན་གྱི་དཔལ་འབྱོར་བློན་ཆེན་གྱི་མཛད་འཁུར་བཞེས་མྱོང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎