ལྷ་སའི་བོད་མི་པར་པ་ཞིག་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་པ།

རྒྱ་གཞུང་གིས་ལྷ་སའི་ནང་ཕྱག་དཔེ་པར་སྐྱོན་མཁན་པར་པ་དཔལ་འབྱོར་ནོར་བུ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།

2008.12.06

༄༅༎རྒྱ་ནག་གཞུང་གིས་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པའི་ལྷ་སའི་ནང་ཕྱག་དཔེ་པར་སྐྱོན་མཁན་པར་པ་དཔལ་འབྱོར་ནོར་བུ་ལགས་སུ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་དེར་རྒྱལ་སྤྱིའི་ཚོགས་ནས་ངོ་རྒོལ་སྐྱོན་བརྗོད་གནང་བ་དང་ཆབས་གཅིག་ཁོང་ཐོག་བཙུགས་པའི་ནག་ཉེས་ཆག་ཡང་དང་ཆ་རྐྱེན་མ་བཏོན་པའི་ཐོག་ནས་དཔལ་འབྱོར་ནོར་བུ་ལགས་འཕྲལ་དུ་གློད་འགྲོལ་ཡོང་ཐབས་ཀྱི་སྐུལ་ལྕགས་གནང་དགོས་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་ཞུས་འདུག

དཔལ་འབྱོར་ནོར་བུ་ལགས་ཐོག་བོད་ཀྱི་རྒྱལ་དར་ལ་སོགས་པའི་པར་འགྲེམས་བྱེད་མ་ཆོག་པའི་ཡིག་ཆ་མང་པོ་པར་རྒྱབ་པའི་ནག་ཉེས་བཙུགས་ཏེ་ཉེ་སྔོན་ཕྱི་ཟླ་བཅུ་པའི་ཚེས་སུམ་བཅུ་སོ་གཅིག་གི་ཉིན་དཔལ་འབྱོར་ནོར་བུ་ལགས་གྲོང་ཁྱེར་ལྷ་སའི་ནང་ཡོད་པའི་ཁོང་གི་ཁྱིམ་ནས་བློ་བུར་དུ་འཛིན་བཟུང་བྱད་ཡོད་པ་དང་ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་དང་ཁྲིམས་ཐོག་ནས་ཁོང་ལ་ནག་ཉེས་ག་རེ་བཙུགས་ཡོད་མེད་སོགས་ཀྱི་སྐོར་རྒྱ་མིའི་ཁྲིམས་དོན་དཔོན་རིགས་ཚོས་དཔལ་འབྱོར་ནོར་བུ་ལགས་ཀྱི་ནང་མི་ཚོར་གནས་ཚུལ་ཁ་གསལ་གང་ཡང་འགྲེལ་བརྗོད་གནང་མེད་པ་དང་ཉེ་དུས་ཕྱི་ཟླ་བཅུ་གཅིག་པའི་ནང་ཁོང་ཐོག་ཁྲིམས་ཞིབ་གསང་བའི་སྒོ་ནས་བྱས་པའི་རྗེས་སུ་དུས་ཡུན་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་མ་ཟད་ད་ལྟའི་ཆར་ཁོང་བཙོན་ཁང་གང་ཡོད་སུས་ཀྱང་ཤེས་རྟོགས་མེད་པ་རེད།

གྲོང་ཁྱེར་ནིའུ་ཡོརྒ་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྷ་ཞིབ་ཚོགས་པའི་ཨ་ཤི་ཡ་ཚན་པའི་ངེས་སྟོན་པ་སོཕི་རི་ཅཌ་སོན་གྱིས་གཞུང་ཞིག་གིས་མི་མང་ཀྱི་བསམ་ཚུལ་དང་ལྟ་བ་འགོག་ཐབས་སུ་རྒྱལ་དར་དང་དཔེ་དེབ་ཡང་ན་པར་སོགས་པར་སྐྲུན་བྱས་པར་དོན་མེད་བཙོན་འཇུག་བྱས་ན་འགྲིག་གི་མེད་པ་དང་སྨྲ་བརྗོད་རང་དབང་ནི་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་རེད་ཅེས་འགྲེལ་བརྗོད་གནང་སྟེ་རྒྱ་ནག་གིས་དཔལ་འབྱོར་ནོར་བུ་ལགས་འཛིན་བཟུང་བྱས་པ་དང་ཁོང་ཐོག་ལུགས་མཐུན་གྱི་ཁྲིམས་ཐག་བཅད་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎