རྒྱ་ནག་ཏུ་དམ་བསྒྲགས་ཀྱི་གནས་སྟངས་སྡུག་ཤོས་སུ་སླེབས་པ།

གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཚོར་ཧ་ཅང་དམ་བསྒྲགས་དང་དྲག་གནོན་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྐོར།

2011.03.31

༄༅༎དཀྱིལ་ཤར་ཡུལ་གྲུའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་མང་ཚོགས་ཀྱི་དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་བསྟུད་མར་ཐོན་བཞིན་པའི་གནས་སྟངས་དང་ལྷག་པར་དུ་ལས་འགུལ་དེ་ཚོའི་ཁྲོད་ཨིན་ཊར་དྲ་རྒྱའི་གནས་ཚུལ་ཁྱབ་སྤེལ་གྱི་ནུས་ཤུགས་ལ་བརྟེན་ནས་ རྒྱ་ནག་གཞུང་གིས་རྒྱ་ནག་ནང་དེ་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་སྔོན་འགོག་སླད་དྲ་རྒྱའི་རང་དབང་དང་ གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཚོར་ཧ་ཅང་དམ་བསྒྲགས་དང་དྲག་གནོན་ཆེ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཉེ་ལམ་ཁ་ཆེའི་ཡུལ་གྲུ་ཁག་ནང་དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་ཐོན་བཞིན་པའི་སྐབས་ཕྱི་ཟླ་༢པའི་ནང་རྒྱ་ནག་ནང་དུ་ཡང་སྤྱི་དམངས་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་པ་ཚོས་བཟའ་བཅའི་རིན་གོང་འཕར་བའི་གནད་དོན་དང་ ལྐོག་བཟའ་རུལ་སུངས་ཀྱི་གནད་དོན་ དེ་བཞིན་དབུལ་ཕྱུག་དབར་བར་ཁྱད་ཆེ་བའི་གནད་དོན་བཅས་ཀྱི་ཐད་ནས་མང་ཚོགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འདུ་འཛོམས་བྱ་འགྱུར་ དྲ་རྒྱའི་བརྒྱུད་ཀུན་སློང་རྒྱ་ཁྱབ་བྱུང་ཡོད་པ་རེད་ ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞེས་པས་བརྗོད་ན་ གནས་ཚུལ་དེ་རིགས་བྱུང་མཚམས་རྒྱ་ནག་གཞུང་གི་དྲ་རྒྱའི་རང་དབང་ལ་ཚོད་འཛིན་དང་ལྷག་པར་དུ་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་སྣ་ཚོའི་ཐོག་ལ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་འགོ་འཛུགས་བྱས་ཏེ་  ཁ་ཆེའི་ཡུལ་ཁག་ནང་དམངས་གཙོའི་ལས་འགུལ་དར་སྤེལ་བྱུང་བ་ནས་བཟུང་ ད་ཕན་རྒྱ་ནག་ནང་དམངས་གཙོ་དོན་གཉེར་ཅན་༢༦དོ་དམ་བཀག་ཉར་འོག་བཅུགས་ཡོད་པ་དང་ ཡང་དམངས་གཙོ་དོར་གཉེར་བ་མི་གྲངས་༣༠སྐོར་འཛིན་བཟུང་བྱས་རྗེས་ཁྲིམས་ཐོག་ནས་ཉེས་བཙུགས་གང་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་ཉམས་ཞིབ་པ་ནི་ཀོ་ལ་སེ་སྦེ་ཀེ་ལིན་གྱིས་གསུངས་ན་ དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ཆ་ནས་རྒྱ་ནག་ནང་རྒྱུན་ལྡན་ནས་དམ་བསྒྲགས་ཆེན་པོ་ཡོད་མུས་ཁར་ད་ཆ་དམ་བསྒྲགས་དང་དྲན་གནོན་གྱི་གནས་སྟངས་དེ་བཞིན་  སྔར་བས་ཀྱང་གནས་སྟངས་སྡུག་ཤོས་སུ་སླེབས་ཡོད་པའི་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎