རྒྱ་ནག་ནང་ངོ་རྒོལ་སྤེལ་ཆོག་པའི་སྙན་ཞུ་འབུལ་དགོས་པའི་སྐོར་།

རྒྱ་ནག་ནང་ངོ་རྒོལ་སྤེལ་མཁན་ཚོས་ངེས་པར་དུ་ངོ་རྒོལ་བྱེད་ཆོག་པའི་ཆོག་མཆན་གྱི་སྙན་ཞུ་རྩེད་འགྲན་གྱི་ཉིན་མ་ལྔའི་གོང་ཕུལ་དགོས་འདུག

2008.08.03

༄༅༎རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་རིང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་རྒྱ་མི་རིགས་དང་ཕྱི་རྒྱལ་བ་ཚོས་ངེས་པར་དུ་ཉིན་མ་ལྔའི་གོང་ལ་ཆོག་མཆན་ཞུ་རྒྱུའི་སྙན་ཞུ་ཕུལ་དགོས་པའི་སྐོར་རྒྱ་ནག་གི་རྩེད་འགྲན་བདེ་འཇགས་དཔོན་རིགས་ཀྱིས་གསུངས་ཡོད་པ་རེད།

རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོས་གསུངས་ན། ཉེ་ཆར་རྒྱ་ནག་གཞུང་གིས་པེ་ཅིང་གི་སྤྱི་གླིང་ཁག་གསུམ་ནང་གཞུང་གིས་བཀའ་ཁྲོལ་ཡོད་པའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གོ་སྒྲིག་བྱས་པའི་སྐོར་བཤད་པ་དེར་སྐྱོན་བརྗོད་བྱེད་པ་དང་ལྷག་པར་དུ་ཁོང་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་དེ་བཞིན་སུའུ་ཌའན་གཞུང་གིས་ཌར་ཕུར་ས་གནས་ནང་མི་བསད་ཁྱག་སྦྱོར་གྱི་བྱ་སྤྱོད་སྤེལ་བཞིན་པར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས། གསར་འགྱུར་ལས་རིགས་ཁག་དང་ཆབ་སྲིད་ཀྱི་ལས་འགུལ་ཁག་ཐོག་དམ་བསྒྲགས་བྱེད་པའི་སྲིད་ཇུས་ཁག་ཐོག་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།  ཡིན་ནའང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་བདེ་འཇགས་འགན་འཛིན་ལིའུ་ཧྲའོ་ལྦུ་ཡིས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ངེས་པར་དུ་ངོ་རྒོལ་བྱེད་ཆོག་པའི་ཆོག་མཆན་གྱི་སྙན་ཞུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་ཉིན་མ་ལྔའི་གོང་ལ་ཡིག་ཐོག་ཏུ་སྙན་ཞུ་ཕུལ་དགོས་པ་དང་སྙན་ཞུ་དེ་ཡང་དོ་དག་རང་ཉིད་ཀྱིས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ལ་ཕུལ་དུ་ཡོང་དགོས་པ་དང་གལ་ཏེ་ངོ་རྒོལ་བྱེད་མཁན་ཕྱི་རྒྱལ་བ་ཡིན་ཚེ་ངེས་པར་དུ་རྒྱ་ཡིག་ཐོག་བྲིས་པའི་ཆོག་མཆན་གྱི་སྙན་ཞུ་པེ་ཅིང་གྱི་སྤྱི་དམངས་བདེ་འཇགས་ལས་ཁང་གི་ས་མཚམས་ཀྱི་ལས་དོན་སྡེ་དུ་ཕུལ་དགོས་པའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎