རྒྱ་ནག་ཏུ་ཕྲུ་གུའི་འོ་རྩམ་ལ་རྫས་འགྱྱུར་བསྲེས་ལྷད་སྐོར།

རྒྱ་ནག་ནང་འོ་རྩམ་གྱི་གནད་དོན་ཐད་ཕ་མ་ཚོས་ཕྲུ་གུའི་གཟུགས་གཞིར་དུས་ཡུན་རིང་པོ་ནད་གཅོང་དུ་འགྱུར་རྒྱུའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

2008.09.16

༄༅༎རྒྱ་ནག་ནང་བཟོ་སྐྲུན་བྱེད་བཞིན་པའི་ཕྲུ་གུའི་འོ་རྩམ་ནང་ལ་ཕྲུ་གུའི་བདེ་ཐང་ལ་གནོད་གཞིའི་རྫས་འགྱུར་བསྲེས་ལྷད་བཏང་ཡོད་པའི་གནས་ཚུལ་ཐོན་པའི་རྗེས་ཕ་མ་ཚོས་དུག་རྫས་དེའི་ཐོག་ནས་ཕྲུ་གུའི་གཟུགས་གཞིར་དུས་ཡུན་རིང་པོ་ནད་གཅོང་དུ་འགྱུར་རྒྱུའི་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་ཡང་རོའུ་ཀྲར་གསར་འགོད་པས་སན་རླུའུ་རྟགས་ཅན་གྱི་འོ་རྩམ་བཟོ་སྐྲུན་བྱེད་མཁན་གྱི་ཚོས་ལས་ཁང་གི་ལས་ཁུངས་ཨ་མ་རྟེན་གཞི་བྱེད་ཡུལ་རྒྱ་ནག་གི་བྱང་ཕྱོགས་གྲོང་ཁྱེར་ཧྲེ་ཅ་ཀྲུང་དུ་ཕྲུ་གུ་ལག་ཏུ་ཁྲིད་པའི་ཨ་མ་ཞིག་གིས་འོ་རྩམ་ཉིས་ཟིན་པ་ཚོང་ཁང་དུ་ཕྱིར་ལོག་བྱེད་དུ་ཡོང་བ་ཞིག་ལ་སྐད་ཆ་དྲིས་པའི་སྐབས་འོ་རྩམ་ནང་དུག་རྫས་བསྲེས་ལྷད་བཏང་བའི་གནས་ཚུལ་དེའི་ཐོག་ནས་ཕྲུ་གུ་མི་ཚེ་གཅིག་རིང་ལ་ནད་མནར་དུ་འགྱུར་རྒྱུའི་བློ་འཚབ་ཆེན་པོ་འདུག དེང་སྐབས་རྒྱ་ནག་ནང་བཟའ་མི་རེ་རེ་ཕྲུ་གུ་རེ་རེ་ལས་སྐྱེས་མི་ཆོག་པ་དང་ཁོང་ཚོའི་མི་ཚེ་ཡག་པོ་ཞིག་ཡོང་རྒྱུར་ཕ་མའི་ངོས་ནས་གང་ཡོང་བྱེད་དགོས་ཀྱི་ཡོད་པ་རེད་ འོན་ཀྱང་ད་རེས་འོ་རྩམ་ནང་ཕྲུ་གུའི་བདེ་ཐང་ལ་གནོད་གཞི་དུག་རྫས་ཡོད་པའི་གནས་ཚུལ་ཐོན་པ་དེའི་ཐོག་ནས་ངའི་ཕྲུ་གུའི་མ་འོངས་པའི་མི་ཚེའི་ནང་ནད་མནར་གྱི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སེམས་ཁྲལ་ཆེན་པོར་ལྷུང་བཞིན་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། སན་རླུའུ་རྟགས་ཅན་གྱི་ཕྲུ་གུའི་འོ་རྩམ་ལྕགས་སྤྲིན་དེའི་ནང་རྒྱུན་ལྡན་སྦྱིག་རིགས་བཟོ་སྐྲུན་ནང་བེད་སྤྱོད་གཏོང་བའི་མེའེ་ལ་མིན་ཞེས་པའི་དུག་རྫས་བསྲེས་ལྷད་བཏང་བར་བརྟེན་ཕྲུ་གུར་འོ་རྩམ་དེ་སྤྲད་པའི་རྗེས་རྒྱ་ནག་ནང་ཕྲུ་གུ་བརྒྱ་ཕྲག་འགའ་ཤས་ལ་མཁལ་མའི་ནང་རྡོ་ཡོད་པའི་ནད་གཞི་བྱུང་ཡོད་པ་དང་ཕྲུ་གུ་གཉིས་མཁལ་མའི་བྱེད་ལས་ཉམས་ཏེ་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན་ཚན་རིག་སྨན་པ་ཚོས་ཕྲུ་གུའི་མཁལ་མའི་ནང་རྡོ་ཆེན་པོ་རྣམས་བཏོན་ཐུབ་ཀྱང་ད་དུང་མུ་མཐུད་རྡོ་ཆུང་ཆུང་དེ་འདྲ་མཁལ་མའི་སྦུ་གུ་ཕྲ་མོའི་ནང་ལུས་ཏེ་མ་འོངས་པར་རྡོ་ཆུང་ཆུང་དེས་རྐྱེན་བྱས་ཏེ་ཕྲུ་གུའི་མཁལ་མའི་བྱེད་ལས་ལ་གནོད་སྐྱོན་གཏོང་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎