རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་རང་དབང་སྡུག་ཤོས།

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རང་དབང་ཁང་པ་ཞེས་པས་འཛམ་གླིང་ནང་གསར་འགོད་རང་དབང་གི་གཉས་སྟངས་སྐོར་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་པ།

2009.05.01

༄༅༎ཕྱི་ལོ་ཉིས་སྟོང་དགུ་ཟླ་བ་ལྔ་པའི་ཚེས་གཅིག་རེས་གཟའ་པ་སངས་ཀྱི་ཉིན་ཨ་མེ་རི་ཀའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རང་དབང་ཁང་པ་ཞེས་པས་འཛམ་གླིང་ནང་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་དེ་རང་འགྲེམས་སྤེལ་གནང་ཡོད་པ་དང༌། དེའི་ནང་རྒྱ་ནག་གི་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་འཁོད་ཡོད་པ་རེད། རང་དབང་ཁང་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བཏོན་པའི་ལོ་འཁོར་སྙན་ཐོ་དེའི་ནང་འཛམ་གླིང་རྒྱལ་ཁབ་༡༩༥ཡོད་པའི་ནང་ནས་གསར་འགོད་རང་དབང་ཡོད་པའི་རྒྱལ་ཁབ་༧༠དང་། གསར་འགོད་ཕྱེད་རང་དབང་མེད་པའི་རྒྱལ་ཁབ་༦༡དང་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་༦༤ཡོད་པ་དབྱེ་འབྱེད་བྱས་ཡོད་པ་དང་། དེའི་ནང་ནས་གསར་འགོད་རང་དབང་སྡུག་ཤོས་ཀྱི་ཡུལ་གྲུ་སའུ་སྡི་ཨ་རཱ་བི་ཡ་དང་ ཝེཏ་ནཱམ། ཏུ་ནི་སི་ཡ། ཏུརྐ་མེ་ནིསྟཱན། ཨི་ཇིཔྚ་བཅས་ཡིན་པ་རེད། སྙན་ཐོ་དེའི་ནང་རྒྱ་ནག་གནང་གསར་འགོད་རང་དབང་གི་གནས་སྟངས་དེ་ཧ་ཅང་གི་ཛ་དྲག་པོ་ཡོད་པ་དང་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་པེ་ཅིང་དུ་ཨོ་ལིམ་པིཀས྄་རྒྱལ་སྤྱིའི་རྩེད་འགྲན་སྤེལ་བའི་རྗེས་རྒྱ་ནག་ནང་གསར་འགོད་རང་དབང་ལ་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་ཁ་བཤད་ལག་བསྟར་མ་བྱས་པར་འཛམ་གླིང་ནང་ནས་གསར་འགོད་རང་དབང་ལ་བཙན་གནོན་བྱེད་མཁན་གྱི་ལམ་དུ་བསྐྱོད་རྒྱུའི་འདེམས་ཁ་བྱས་ཡོད་པ་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎