རྒྱ་ནག་དང་ཕེ་རན་སི་བར་ཚོང་འབྲེལ་མཉམ་ལས་ཀྱི་གྲོས་ཆོད།

ཕེ་རན་སི་དང་རྒྱ་ནག་གི་དཔོན་རིགས་དབར་ཨ་སྒོར་ཐེར་འབུམ་ཉི་ཤུ་ལྷག་གནས་པའི་ཚོང་འབྲེལ་མཉམ་ལས་ཀྱི་གྲོས་ཆོད་ལ་ས་རྟགས་བཀོད་པ།

2010.11.05

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཕེ་རན་སིའི་ནང་རྒྱལ་དོན་ཚམས་གཟིགས་གནང་བཞིན་པ་ལྟར་ རྒྱ་ནག་གི་སྲིད་འཛིན་ཕེ་རན་སིའི་རྒྱལ་ས་པེ་རེསི་ལ་ཕེབས་པའི་གཟའ་ཕུར་བུའི་ཉིན་དེར་ཕེ་རན་སི་དང་རྒྱ་ནག་གི་དཔོན་རིགས་དབར་་ཨ་སྒོར་ཐེར་འབུམ་ཉི་ཤུ་ལྷག་གནས་པའི་ཚོང་འབྲེལ་མཉམ་ལས་ཀྱི་གྲོས་ཆོད་ལ་ས་རྟགས་བཀོད་ཡོད་པ་དང་ དེ་ཚོའི་ནང་རྒྱ་ནག་གིས་ཕ་རན་སི་ནས་ཨ་སྒོར་ཐེར་འབུམ་༡༤ཙམ་གནས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེན་པོ་ཁག་ཅིག་ཉོ་སྒྲུབ་བྱ་རྒྱུ་མ་ཟད་ དེ་བཞིན་དམངས་སྤྱོད་ལ་མཁོ་བའི་རྡུལ་ཕྲན་གྱི་ནུས་པ་དང་  ཁོར་ཡུག་སྲུང་སྐྱོབ་ཐུབ་པའི་སྲོལ་རླངས་རིགས་སོགས་ཉོ་སྒྲུབ་བྱ་རྒྱུའི་གྲོས་མཐུན་ཁག་ལ་ས་རྟགས་བཀོད་ཡོད་པ་རེད་ 

དེ་མིན་གྱི་ཚོང་དོན་མཉམ་ལས་ཀྱི་ཆིངས་ཡིག་ཁག་ཅིག་ལ་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་གཟའ་པ་སངས་ཉིན་ས་རྟགས་བཀོད་འཆར་ཡོད་པ་རེད་ ཕེ་རན་སིའི་སྦི་ཨེཕ་ཨེམ་རླུང་འཕྲིན་རྒྱུད་ལམ་གྱི་གསར་འགོད་པས་ཕེ་རན་སིའི་གནམ་གྲུ་བཟོ་སྐྲུན་ཚོང་དོན་ལས་ཁང་གི་འགན་འཛིན་ལུ་ཨི་གེ་ལོ་དང་རྒྱ་ནག་གི་ཚོང་དོན་དཔོན་རིགས་དབར་ཚོང་འབྲེལ་གྲོས་ཆོད་ལ་ས་རྟགས་བཀོད་གྲུབ་པའི་རྗེས་ཕེ་རན་སིའི་སྲིད་འཛིན་ནས་རྒྱ་ནག་གི་དཔོན་རིགས་ལ་འགྲོ་བ་མིའི་ཐོབཐང་གནས་སྟངས་སྐོར་གླེང་སློང་གནང་མིན་སྐོར་བཀའ་འདྲི་ཞུས་དུས་ ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཞིན་ཚོང་དོན་གྱི་རྒྱུད་ལམ་ཐོག་ནས་སེལ་ཐབས་བྱ་རྒྱུ་མེད་ལུགས་བརྗོད་ཡོད་པ་རེད་

ཕེ་རན་སིའི་གསར་འགྱུར་རྒྱུད་ལམ་ཁག་གིས་ད་རེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཕེ་རན་སིའི་ནང་རྒྱལ་དོན་ཚམས་གཟིགས་སྐོར་གནས་ཚུལ་སྤེལ་བའི་ནང་ཡུལ་གྲུ་གཉིས་དབར་འབྲེལ་ལམ་དང་ཧུའུ་ཇིང་ཐའོ་ཕེ་རན་སིའི་ནང་འབྱོར་བའི་གནས་ཚུལ་སྤེལ་བ་ཕུད་གནས་ཚུལ་མང་ཆེ་བ་ཞིག་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལསེ་སར་ཀོཛི་ཡིས་རྒྱ་ནག་གི་སྲིད་འཛིན་ཝུའུ་ཇིང་ཐའོ་དང་ཐུགས་ཕྲད་གནང་བའི་སྐབས་ འགྲོ་བ་མིའི་ཐོབཐང་གནད་དོན་དེ་བཏོན་མིན་ཐོག་སྤེལ་ཡོད་པ་དང་ ཕྱི་ཚེས་༤ཉིན་ཧུའུ་ཇིང་ཐའོ་ཕེ་རན་སིའི་རྒྱལ་ས་པེ་རེསི་ནང་འབྱོར་བའི་སྐབས་ཕེ་རན་སིའི་འགྲོ་བ་མིའི་ཐོབཐང་ཚོགས་པ་ཁག་དང་རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་རིགས་ཚོགས་པ་ཁག་ཕེ་རན་སིའི་སྤྱི་ཚོགས་ཚོགས་པ་དང་ ལྗང་ཁུ་ཚོགས་པ་སོགས་ཚོགས་པ་མང་པོ་ཞིག་མཉམ་འབྲེལ་ཐོག་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་ དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་ཉིན་དེའི་ཉིན་རྒྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎