རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་བསྟན་འདུག


2016.10.12
སྐུ་ཞབས་Ilham Toht་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བུ་མོས་སྐུ་ཚབ་ཞུས་ནས་བཞེས་བ། ༢༠༡༦།༡༠།༡༡ སྐུ་ཞབས་Ilham Toht་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བུ་མོས་སྐུ་ཚབ་ཞུས་ནས་བཞེས་བ། ༢༠༡༦།༡༠།༡༡
DT/FB

རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣ་ཡུ་གུར་བ་(Ilham Tohti)་ལ་གཟེངས་རྟཊ་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་པར་རྒྱ་ནག་ཁོང་ཁྲོ་ལངས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ད་ལྟ་རྒྱའི་བཙོན་འོག་ཡོད་པའི་ཡུ་གུར་བ་སྐུ་ཞབས་(Ilham Tohti)་ལགས་ལ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་ལྷན་ཞུགས་གནང་ནས་གསུངས་བཤད་གནང་བར་རྒྱ་ནག་གིས་ཁོང་ཁྲོ་ལངས་པའི་རྣམ་འགྱུར་བཏོན་འདུག
དེ་ཡང་ད་ལྟ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་རིག་པ་བ་དང་དགེ་རྒན་ཆེན་མོ་སྐུ་ཞབས་(Ilham Tohti)་ལགས་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་རྒྱལ་སྤྱིའི་རང་དབང་ཐོབ་ཐང་ཚོགས་སྡེ་ཁག་༨་ཐུན་མོང་གིས་Martin Ennals་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདི་ཚེས་༡༡་རེས་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་ཁོང་གི་བུ་མོ་Jewher Ilham་བརྒྱུད་འབུལ་བཞེས་གནང་བའི་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་Zeid Ra’ad al Hussein་ལགས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་འདུག  
དེའི་ཐད་ཚེས་༡༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Geng Shuang་དེའི་སྐོར་གསར་འགོད་པས་བཀའ་འདྲི་ཞུས་པའི་ལན་དུ། ཁོང་གིས་Zeid གིས་དོན་དངོས་པོ་སྣང་མེད་ཀྱིས་དངོས་ཡོད་གནས་ཚུལ་ནོར་བ་དང་མགོ་རྙོག་ཐེབས་ཏེ་ཁ་བྲལ་བར་བསྟོད་བསྔགས་ཆེན་པོ་བཏང་ཡོད་པ་རེད་ལ། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་ལམ་ལུགས་དང་འགལ་ཡོད་པ་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཞིག་རེད་ཅེས་གསར་འགོད་ལྷན་ཚོགས་ཐོག་སྐྱོན་བརྗོད་བྱས་འདུག
སྐུ་ཞབས་(Ilham Tohti)་ལགས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་ཞིང་། ཁོང་གིས་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པར་བརྟེན་རྒྱ་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ནས་ད་ལྟ་རྒྱའི་བཙོན་ཁང་ནང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎