༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་པར་རྒྱ་ནག་གིས་ངོ་རྒོལ།

༸གོང་ས་མཆོག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་མི་སེར་གྱི་ཐོབ་ཐང་གི་ཕྱག་འཁྱེར་ཕུལ་བ་དེར་དེ་རིང་རྒྱ་ནག་ཕྱོགས་ནས་ཉེན་བརྡ་བཏང་ཡོད་པ་རེད།

2009.02.10

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ཕྱག་ལས་གནང་བའི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཆེད་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་མི་སེར་གྱི་ཐོབ་ཐང་གི་ཕྱག་འཁྱེར་ཕུལ་བ་དེར་དེ་རིང་རྒྱ་ནག་ཕྱོགས་ནས་ཨི་ཊ་ལི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་གནོད་སྐྱོན་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅའང་ཡུས་གསར་འགོད་པར་ང་ཚོ་རྒྱ་ནག་གི་ཕྱོགས་ནས་འདོད་མོས་རྩ་བ་ནས་མེད་པ་མ་ཟད་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་ཨི་ཊ་ལི་ཕྱོགས་ནས་རྒྱ་ནག་གི་འདོད་པ་མེད་པའི་གནད་དོན་དེར་དོ་ནན་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བ་དང་འབྲེལ་ལམ་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ནུས་པ་ཐོན་པའི་བྱ་ཐབས་ལག་བསྟར་གནང་བའི་རེ་བ་ཡོད་ཅེས་བཤད་ཡོད་ཅིང་ཡིན་ནའང་རྒྱ་ནག་གཞུང་གིས་ཨི་ཊ་ལི་ཕྱོགས་ནས་རྒྱ་ནག་གི་འདོད་པ་ཡོད་པའི་བྱ་ཐབས་གང་འདྲ་ཞིག་ལག་ལེན་བྱ་དགོས་ཀྱི་ཡོད་མེད་སྐོར་ཞིབ་ཕྲ་བཤད་མེད་པ་རེད། ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ས་གནས་གཞུང་གི་འཕྲིན་གཏོང་དྲ་བའི་ངོས་ཐོག་ལ་བོད་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ད་རེས་རྒྱལ་ས་རོམ་དུ་ཞབས་སོར་འཁོད་པའི་སྐབས་རེས་གཟའ་ཟླ་བའི་ཉིན་རོམ་གྲོང་ཁྱེར་སྲིད་གཞུང་གིས་ཆེ་བསྟོད་ཀྱི་མི་སེར་ཕྱག་འཁྱེར་ཕུལ་བའི་སྐོར་བཀོད་ཡོད་ཅིང་༸གོང་ས་མཆོག་ལ་མི་སེར་གྱི་ཕྱག་འཁྱེར་ཕུལ་བ་དེ་ནི་ན་ནིང་ཕྱི་ཟླ་དགུ་པའི་ནང་རོམ་གྲོང་ཁྱེར་ལྷན་ཁང་གིས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་དང་ལྷག་པར་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་གནད་དོན་དེ་བཞིན་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་བའི་ཕྱག་ལས་ལ་ཆེ་བསྟོད་ཀྱི་མི་སེར་གྱི་ཕྱག་འཁྱེར་ཕུལ་རྒྱུའི་མང་མོས་ཐག་གཅོད་གནང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎