རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་ཧོང་ཀོང་དུ་ཕྱོགས་བསྐྱོད།

རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་ནས་ཐོག་མ་ཁ་བྲལ་ཏེ་ཧོང་ཀོང་ནང་ཕྱོགས་བསྐྱོད་བྱས་སྐོར།

2012.04.25

༄༅༎རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྒྱལ་མཚན་ནོར་བུ་རྒྱ་ནག་ནས་ཐོག་མ་ཁ་བྲལ་ཏེ་ཧོང་ཀོང་ནང་ཕྱོགས་བསྐྱོད་བྱས་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་འཁོད་འདུག
རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་རྒྱལ་མཚན་ནོར་བུ་དུས་ཡུན་ཉིན་གྲངས་གསུམ་རིང་རྒྱ་ནག་གཞུང་གིས་རྒྱབ་གཉེར་བྱས་པའི་ཧོང་ཀོང་ནང་ཚོགས་རྒྱུའི་འཛམ་གླིང་ནང་པའི་ཆོས་ལུགས་ཀྱི་གླེང་སྟེགས་ཟེར་བའི་་ལྷན་ཚོགས་ཐོག་ཞུགས་རྒྱུའི་ཆེད་ ཕྱི་ཚེས་༢༥ཉིན་རྒྱ་ནག་གི་གྲོང་ཁྱེར་ནན་ཅིང་ནས་ཧོང་ཀོང་ནང་ཐོན་གནང་ཡོད་ཅིང་ རྒྱ་ནག་གི་ཆོས་ལུགས་དང་རིག་གནས་བརྗེས་ལེན་ཚོགས་པ་ཞེས་པའི་འགན་འཛིན་གཞོན་པ་ཅང་ཅན་ཡུང་གིས་པན་ཆེན་རྒྱལ་མཚན་ནོར་བུ་ད་རེས་ཧོང་ཀོང་ནང་ཕེབས་ཡས་ཐོག་མ་ཡིན་པ་དང་ ཁོང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་ཡིན་ལ་ རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡང་ཡིན་པས་ཆོས་ལུགས་པ་དང་ དད་ལྡན་པ་ཡོངས་ཀྱིས་གུས་བཀུར་ཐོབ་ཡོད་ལུགས་བཤད་ནས་ད་རེས་ཁོང་ཧོང་ཀོང་ནང་ཕེབས་པ་དེ་ཧོང་ཀོང་ནང་ཡོད་པའི་དད་ལྡན་པ་ཚོའི་གསོད་ནམས་ཡིན་ལུགས་སོགས་གཏམ་བཤད་བྱས་ཡོད་འདུག འཛམ་གླིང་ནང་པའི་ཆོས་ལུགས་གླེང་སྟེགས་ཟེར་བའི་ལྷན་ཚོགས་དེ་རིགས་ད་བར་རྒྱ་ནག་གཞུང་གིས་རྒྱབ་གཉེར་བྱས་ནས་ཐེངས་གཉིས་ཚོགས་ཟིན་པ་དང་ ད་རེས་ཕྱི་ཟླ་བཞི་པའི་ཚེས་༢༥ནས་༢༧བར་ཧོང་ཀོང་ནང་ཚོགས་རྒྱུའི་ནང་པའི་ཆོས་ལུགས་གླེང་སྟེགས་དེ་བཞིན་ཚོགས་ཐེངས་གསུམ་པ་དེ་ཡིན་ཞིང་   ད་རེས་ནང་པའི་ཆོས་ལུགས་གླེང་སྟེགས་ཚོགས་པའི་རིང་ ཧོང་ཀོང་ནང་ཡོད་པའི་སྟོན་པ་ཤྰཀྱ་མུ་ནེ་བྱང་ཆུབ་མཆོག་ཏུ་མངའ་བརྙེས་རྗེས་གདུང་ཚབ་ཏུ་བཞག་གནང་བའི་རྩ་ཆེའི་ཐོད་པའི་རིང་བསྲེལ་ཡིན་ལུགས་བརྗོད་ཀྱི་ཡོད་པ་ ཀ་ལི་རིང་བསྲེལ་དེ་བཞིན་ཧོང་ཀོང་དང་ཨོའོ་མན་འམ་མའ་ཁའོ་ཁུལ་དུ་མཆོད་གནས་སུ་བཀུར་བའི་ཆོ་ག་སྤེལ་བའི་ཆོས་ལུགས་ཀྱི་མཛད་སྒོ་ཡང་དུས་གཅིག་ཏུ་སྤེལ་གྱི་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎