དཔལ་ཡུལ་དགོན་པའི་གྲྭ་པ་གཉིས་བཟུང་འདུག

ཁམས་དཀར་མཛེས་ཁུལ་དཔལ་ཡུལ་དགོན་པའི་གྲྭ་བཀྲ་ཤིས་དོན་འགྲུབ་དང་། སྐལ་བཟང་རྒྱ་མཚོ་ཟེར་བ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

2012.07.16

འདི་ག་རླུང་འཕྲིན ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་དང་། བསྟན་འཛིན་དབང་རྒྱལ་ལགས་གཉིས་ཀྱིས་གནས་ཚུལ་བཏང་བའི་ནང་།
ཕྱི་ཟླ་བདུན་པའི་ཚེས་༡༤ཉིན་དཀར་མཛེས་དཔལ་ཡུལ་དགོན་པའི་དགེ་འདུན་བཀྲིས་དོན་གྲུབ་ལགས་དང་སྐལ་བཟང་རྒྱ་མཚོ་ལགས་གཉིས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟའི་ཆར་གར་ཡོད་ཤེས་རྟོགས་གསལ་པོ་གང་ཡང་མེད་པ་དང་།   དགེ་འདུན་པ་གཉིས་པོས་རྒྱ་ནག་གི་ཁྲིམས་ལུགས་དང་འགལ་བའི་ལས་ཀ་གང་ཡང་བྱས་མེད་ཀྱང་འགྲེལ་བཤད་སོགས་གང་ཡང་མེད་པར་ཁོང་གཉིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཆགས་ཡོད་པ་ངོ་སྤྲོད་གནང་འདུག  དགེ་འདུན་བཀྲིས་དོན་གྲུབ་ལགས་ཀྱི་ཕ་ཡུལ་ཆབ་མདོ་རི་བོ་ཆེ་བསམ་ཁ་ཤང་ནས་ཡིན་ཞིང་།   དགེ་འདུན་སྐལ་བཟང་རྒྱ་མཚོ་ལགས་ཀྱི་ཕ་ཡུལ་ནང་ཆེན་ནས་ཡིན་འདུག་པ་དང་།   ཁོང་གཉིས་ཀ་དཔལ་ཡུལ་བཤད་གྲའི་དགེ་འདུན་པ་དང་  བཤད་གྲའི་ནང་དགེ་རྒན་གནང་བཞིན་ཡོད་ཅིང་།  གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་མི་སྣ་དེས་གསུང་བར་གཞིགས་ན།   རྒྱ་ནག་གཞུང་གིས་བོད་ནང་ ༧གོང་ས་མཆོག་གི་སྐུ་དཔར་ཉར་ཚགས་བྱེད་ཡས་སོགས་ལ་དམ་བསྒྲཌ་ཧ་ཅང་ཆེན་པོ་བྱས་ནས་ས་གནས་མི་མང་ཚོར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་དང་།   གོང་ཞུས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་གཉིས་པོའི་གནས་སྟངས་ཐོག་དགེ་འདུན་པ་གཉིས་ཀྱི་ནང་མི་སྤུན་མཆེད་དང་དཔལ་ཡུལ་བཤད་གྲའི་དགེ་འདུན་ཙམ་མ་ཟད།  ས་གནས་མི་མང་ཚོས་ཀྱང་ཧ་ཅང་སེམས་འཚབ་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎