མདོ་སྨད་མགོ་ལོག་དུ་ངོ་རྒོལ་བ་བརྒྱད་འཛིན་བཟུང༌།
2012.02.22
༄༅༎ཁ་ས་ལོ་གསར་ཚེས་༡ཉིན་མགོ་ལོག་ཇོ་ནང་ལྕམ་མདའ་དགོན་པའི་གྲ་མང་ཡོངས་རྫོཌ་འདུ་ཁང་ནང་འཚོཌ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸དཔལ་རྒྱལ་དབང་ཀརྨ་པ་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་ཕྱིར་གནས་བཅུ་དང་བོད་ཀྱི་བསྟན་སྲིད་ཆེད་དུ་རང་སྲོག་ཕངས་མེད་དུ་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ས་ལམ་ལ་བར་ཆད་མི་ཡོང་བའི་སླད་དུ་བཟང་སྤྱོད་སྨན་གསུང་དོན་གནང་འདུག་ལ་ཡང་ཁ་ས་ལོ་གསར་ཚེས་༡ཉིན་བོད་མགོ་ལོག་པདྨ་རྫོང་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་མཁན་བོད་མི་བརྒྱ་ཕྲག་འགའ་ཤས་ཁོངས་ནས་དགེ་འདུན་པ་གཅིག་དང་མི་སྐྱ་བདུན་བཅས་བོད་མི་བརྒྱད་རྒྱ་མིའི་ཉེན་རྟོག་མི་སྣས་བཟུང་བཀག་ཉར་བྱས་འདུག བཙན་བྱོལ་ནང་གནས་ཞུཌ་ཕ་ཡུལ་མགོ་ལོག་ནས་ཡིན་པ་ཨོ་རྒྱན་རིག་འཛིན་ལཌ་ཀྱིས་གསུངས་གསལ་ལྟར་ན།བོད་མི་ངོ་རྒོལ་བྱེད་མི་རྣམས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་ཆོས་དད་རང་དབང་ཆེ་ཙམ་སྤྲོད་དགོས་པ་སོཌ་ཀྱི་ངོ་རྒོལ་སྐད་འབོད་སྐྱོན་པ་མ་ཟད། ཉེ་དུས་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་གྱི་དགོན་པ་ཆེ་ཁག་གཉིས་ཀྱི་མཐའ་སྐོར་དུ་རྒྱ་མིའི་དམག་མི་དང་སྤྱི་བདེ་མི་སྣ་འགྲེམས་འཇོག་བྱས་པ་ཁག་ཕྱིར་འཐེན་དགོས་པའི་དགོས་འདུན་བཏོན་འདུག ཡང་ཁོང་གིས་མགོ་ལོག་པདྨ་རྫོང་ནང་གི་ཚོང་ཁང་ཚང་མ་སྒོ་རྒྱབ་ཡོད་པ་དང་གྲོང་ཁྱེར་ཁང་ནང་རྒྱ་མིའི་དམག་མིའི་སྣུམ་འཁོར་གྱི་སྐོར་བ་རྒྱབ་བཞིན་ཡོད་སྐོར་གསུངས་འདུག་ སྔ་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་གི་བོད་མི་གཞོན་སྐྱེས་མང་པོས་རང་གི་སྐུ་ལུས་མེ་མཆོད་ཕུལ་ནས་རྒྱ་ནག་གཞུང་གིས་བོད་ཐོག་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པར་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བོད་མི་རྣམས་ཀྱིས་ལོ་གསར་སྲུང་བརྩི་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་ཡང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ལོ་གསར་སྲུང་བརྩི་དགོས་པའི་བཙན་བཤེད་བཏང་བའི་རྐྱེན་གྱིས་མ་མཐུན་པའི་དངངས་ཚབ་ཆེན་པོ་ཡོད་པའི་གནས་ཚུལ་འདུག།