རྒྱ་ནག་གཞུང་ནས་གནས་འཕྲིན་དྲ་རྒྱར་དམ་བསྒྲགས།

གནས་འཕྲིན་དྲ་གནས་ཐོག་གཟུགས་པོ་དམར་རྗེན་གྱི་རིགས་བསྟན་པའི་དྲ་རྒྱ་བཟོ་མཁན་ཁྲིམས་འགལ་བ་མི་གྲངས་༥༠༠༠ལྷག་འཇུ་བཟུང་།

2010.01.01

༄༅༎རྒྱ་ནག་གཞུང་གིས་ད་ཕན་རྒྱལ་ཡོངས་ཀྱི་གནས་འཕྲིན་དྲ་གནས་ཐོག་བལྟ་སྲུང་བྱེད་མཁན་ཆེད་བཙུགས་བྱས་ཡོད་པ་ལྟར། འདས་པའི་སྤྱི་ལོ་ཉིས་སྟོང་དགུ་ལོའི་ནང་གནས་འཕྲིན་དྲ་གནས་ཐོག་གཟུགས་པོ་དམར་རྗེན་གྱི་རིགས་བསྟན་པའི་དྲ་རྒྱ་བཟོ་མཁན་ཁྲིམས་འགལ་བ་མི་གྲངས་༥༠༠༠ལྷག་འཇུ་བཟུང་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྣམ་ཀུན་ནས་གནས་འཕྲིན་དྲ་རྒྱ་བརྒྱུད་དྲག་སྤྱོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་དང་དེ་བཞིན་གཟུགས་པོ་དམར་རྗེན་སོགས་དྲ྄་རྒྱའི་ནང་བེད་སྤྱོད་ལོག་པར་གཏོང་མཁན་སོགས་ཀྱི་ཐོག་དམ་བསྒྲགས་བཀག་འདོམས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་རེད།

དེ་བཞིན་གཞུང་གིས་འདས་པའི་སྤྱི་ཟླ་བཅུ་གཉིས་གཅིག་པུའི་ནང་གནས་འཕྲིན་དྲྭ་རྒྱའི་ནང་གང་བྱུང་བེད་སྤྱོད་གཏོང་མཁན་རྩད་ཞིབ་བྱེད་ཐུབ་མཁན་དང་སྙན་སེང་ཞུ་ཐུབ་པར་བྱ་དགའ་གཟིགས་གསོས་རྒྱ་མིའི་སྒོར་མོ་ཡོན་༡༠༠༠༠ཁྲི་གཅིག་བར་གསོལ་རས་སྤྲད་ཡོད་པ་རེད།

མ་ཟད་རྣམ་ཀུན་ནས་རྒྱ་ནག་གཞུང་གིས་གནས་འཕྲིན་རྒྱའི་ཐོག་བཀག་འདོམས་ཤུགས་ཆེ་ཤོས་བྱེད་མཁན་གྱི་ཡུལ་གྲུ་ཞིག་ཡིན་པ་དང་ཤར་ཏུར་ཀི་སི་ཐའན་ནམ་ཤིན་ཅང་གི་ནང་བར་ལམ་ཞིག་གནས་འཕྲིན་དྲྭ་གནས་སོགས་བཀག་འདོམས་པའི་གནས་ཚུལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎