བོད་དཀར་མཛེས་ཁུལ་གྱི་བཙུན་མ་གསུམ་འཛིན་བཟུང་བྱས་པ།

བོད་ཀྱི་དཀར་མཛེས་ས་ཁུལ་གྱི་བཙུན་མ་གསུམ་གྱིས་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2008.05.22

༄༅༎བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ཞིག་ནང། བོད་ཀྱི་དཀར་མཛེས་ས་ཁུལ་གྱི་ཀྲེ་ཧོར་ཉ་གད་བཙུན་དགོན་གྱི་བཙུན་མ་གསུམ་གྱིས་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་སྔ་དྲོའི་ཚོུད་༡༠ ཙམ་པ་ལ་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་འབོད་པའི་བོད་ཀྱི་དཀར་མཛེས་ས་ཁུལ་ནང་ཡོད་པའི་ཀྲེ་ཧོར་ཉ་གད་བཙུན་དགོན་གྱི་བཙུན་མ་གསུམ་གྱིས་བཙུན་དགོན་ནས་འགོ་བཙུགས་ཏེ་ཀི་ལི་མི་ཊེ་༢༠ ཙམ་གྱི་མཚམས་སུ་ཡོད་པའི་དཀར་མཛེས་རྫོང་གི་ཕྱོགས་སུ་ཞི་བའི་ངོ་རྒོལ་གྱི་གོམ་བགྲོས་ལས་འགུལ་སྤེལ་ཡོད་ཅིང། ཀྲེ་ཧོར་ཉ་གད་བཙུན་དགོན་དེ་ནི་དཀར་མཛེས་ས་ཁུལ་དུ་སྐད་གྲགས་ཆེ་བའི་ཀྲེ་ཧོར་དར་རྒྱས་དགོན་པའི་ཉེ་འཁྲིས་སུ་ཆགས་ཡོད་པ་རེད། ངོ་རྒོལ་རྔམ་སྟོན་གྱི་གོམ་བགྲོས་ལས་འགུལ་སྤེལ་མཁན་བཙུན་མ་གསུམ་གྱིས་དཀར་མཛེས་རྫོང་ནང་སྔོན་ཚུད་ནས་འཆར་གཞི་བྱས་པ་ལྟར་དུས་ཐོག་ཏུ་འབྱོར་བ་བྱས་ཏེ་སྔ་དྲོ་ཉི་མ་མ་ཤར་གོང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱས་ཡོད་པ་དང་དེའི་རྒྱུ་མཚན་ནི་སྔ་དྲོ་རྒྱ་མིའི་ཉེན་རྟོག་པ་ཆེས་མང་པོ་འབྱོར་མི་ཐུབ་པ་དང་ལས་འགུལ་བཀག་འགོག་བྱེད་མི་ཐུབ་པའི་གོང་དེར་ཚོུད་འགའ་ཤས་རིང་ངོ་རྒོལ་གོམ་བགྲོས་བྱ་ཐུབ་རྒྱུའི་འཆར་གཞི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་པ་རེད། དེ་བཞིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བར་གཞིགས་ན། བཙུན་མ་གསུམ་གྱིས་ཕྱི་ཚེས་ ༢༠ སྔ་དྲོ་ཚོུད་༩ ཙམ་ལ་དཀར་མཛེས་རྫོང་གི་རྒྱ་མིའི་ལས་ཁུངས་ཀྱི་ཉེ་འཁྲིས་སུ་སྔ་དྲོ་ས་གནས་མི་དམངས་འདུ་འཛོམས་བྱེད་འགོ་བཙུགས་པའི་སྐབས་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་དུ་ཕྱིར་ལོག་ཕེབས་དགོས། བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་པའི་འབོད་ཚིག་སྒྲོག་མ་ཐག་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་འཆར་ས་གནས་ག་པར་བཙན་ཁྲིད་བྱས་ཡོད་མེད་ཤེས་རྟོགས་མེད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎