བོད་ནང་གི་འབྲོག་པ་གྲོང་ཁྱེར་དུ་སྤོ་རུ་བཅུག་པའི་གནད་དོན་སྐོར།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཐོག་བོད་ནང་གི་གནད་དོན་སྐོར་གཏམ་བཤད་སྤེལ་རྒྱུར་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོ་ཐབས་བྱས་ཡོད་པ།

2008.09.11

༄༅༎སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཚུགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་ཐེངས་དགུ་པའི་ཐོག་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ནས་བོད་ནང་གི་གནད་དོན་སྐོར་གཏམ་བཤད་སྤེལ་རྒྱུར་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོ་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་རེད།

དེ་ཡང་ཕྱི་ཚེས་༨ནས་འགོ་ཚུགས་སྟེ་སུད་སི་གྲོང་ཁྱེར་ཇི་ནི་ལྦའི་ནང་ཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བོད་ཀྱི་གནད་དོན་དེ་གླེང་སློང་ཡོངས་ཐབས་སུ་འབད་བརྩོན་གནང་ཏེ། ད་རེས་ཚེས་༡༠ཉིན་འཇར་མན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེའི་སྐུ་ཚབ་ནས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཞིབ་འཇུག་གནང་མཁན་དང་ཁོང་གི་ཕྱག་རོགས་གཉིས་ནས་བོད་ཀྱི་འབྲོག་པ་གྲོང་ཁྱེར་ནང་གནས་སྤོས་ཀྱི་གནད་དོན་ཐོག་ཞིབ་འཇུག་གནང་ཏེ་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐོག་ལན་འདེབས་དགོས་པའི་གྲོས་གཞི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བཏོན་ཡོད་པ་བཞིན། གནད་དོན་དེའེི་ཐོག་གླེང་མོལ་གནང་རྒྱུའི་གོ་སྐབས་ཟིན་ནས་གྲོས་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བོད་ནང་གི་འབྲོག་པ་ཚོ་གྲོང་ཁྱེར་དང་གྲོང་སྤེ་ཁག་ནང་གནས་སྤོས་བྱེད་བཅུག་པའི་རྐྱེན་ལས། འབྲོག་པ་ཚོའི་འཚོ་བའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་སོགས་ཀྱི་ཐོག་གཏམ་བཤད་སྤེལ་ཡོད་པ་དང༌། ཡིན་ནའང་གཏམ་བཤད་མ་སྤེལ་སྔོན་རྒྱ་ནག་གཞུང་གིས་གནད་དོན་དེ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གྲོས་མོལ་བྱེད་ཡས་ཀྱི་བརྗོད་གཞིའི་དབར་འབྲེལ་བ་མེད་ལུགས་བརྗོད་ནས་ གཏམ་བཤད་གནང་རྒྱུའི་གོ་སྐབས་མེད་པ་བཟོ་རྒྱུ་ལྷན་ཚོགས་སུ་གནོན་ཤུགས་སྤྲད་ཡོད་ན་ཡང་། དེ་ལམ་ལྷོང་མ་བྱུང་བར་ཚེས་བཅུའི་ཉིན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གཞུང་འབྲེལ་མིན་པའི་འཇར་མན་གཞུང་འབྲེལ་མིན་པའི་ཚོགས་སྡེའི་སྐུ་ཚབ་ཀྱི་མིང་ཐོག་ནས་གོང་ཞུས་བོད་ནང་གི་འབྲོག་པ་གནས་སྤོས་ཀྱི་གནད་དོན་དེའི་ཐོག་གཏམ་བཤད་སྤེལ་ཐུབ་པ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎