རྒྱ་ནག་གཞུང་གིས་ཕྱི་ནས་ཕག་ཤ་ནང་འདྲེན་བཀག་སྡོམ།

རྒྱ་ནག་གཞུང་གིས་ཕག་པའི་ནད་རིམས་ཕོག་སའི་ས་ཁུལ་ཁག་ནས་ཕག་ཤ་ནང་འདྲེན་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་འདུག

2009.05.05

༄༅༎རྒྱ་ནག་གཞུང་གིས་ཨེཇ་༡ཨེན༡ཞེས་པའི་ཕག་པའི་ནད་རིམས་ཕོག་སའི་ས་ཁུལ་ཁག་ནས་ཕག་ཤ་ནང་འདྲེན་བྱེད་རྒྱུ་བཀག་སྡོམ་བྱས་པ་དེ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་དེང་སྐབས་ཁྱབ་གདལ་འགྲོ་བཞིན་པའི་ཨེཇ་༡ཨེན༡ཞེས་པའི་ཕག་པའི་ཆམ་ནད་དེ་བཞིན་འགོག་ཐབས་ཆེད་ཀྱི་འབྲེལ་ཡོད་སྒྲིག་གཞི་གཞིར་བཟུང་ལག་བསྟར་བྱས་པ་ཞིག་ཡིན་ལུགས་གཟའ་མིག་དམར་ཉིན་བཤད་ཡོད་པ་རེད།

རྒྱ་ནག་གཞུང་གིས་མེཀ་སི་ཀོ་དང་ཨ་རིའི་ཀེ་ལི་ཕོར་ནི་ཡ་དང་ཀེན་ས་སི།ཀྲེཀ་ས་སི་དེ་བཞིན་ཁེ་ན་ཌའི་ཞིང་ཆེན་ཨེལ་སྦར་ཊ་སོགས་ནས་ཕག་ཤ་རྒྱ་ནག་ནང་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པ་དང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གཟའ་མིག་དམར་གྱི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་གོང་ཞུས་ཡུལ་གྲུའི་ས་ཁུལ་ཁག་ནས་ཕག་ཤ་རྒྱ་ནག་ནང་ནང་འདྲེན་བྱ་རྒྱུ་བཀག་སྡོམ་བྱེད་ཡས་དེ་ནི་རྒྱ་ནག་མི་མང་གི་འཕྲོད་བསྟེན་དང་རྒྱ་ནག་གི་སྒོ་ཕྱུགས་སེམས་ཅན་ལས་རིགས་སྲུང་སྐྱོབ་ཀྱི་ཆེད་རྒྱ་ནག་གཞུང་གིས་གོང་ཞུས་ཡུལ་གྲུ་ཁག་ནས་ཕག་ཤ་ནང་འདྲེན་བྱ་རྒྱུ་གནས་སྐབས་བཀག་སྡོམ་མི་བྱེད་ཐབས་མེད་ཡིན་ལུགས་དང་རྒྱ་ནག་གི་ཐག་གཅོད་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་གྱི་ཡོད་པ་མ་ཟད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འཛམ་གླིང་སྒོ་ཕྱུགས་སེམས་ཅན་སྲུང་སྐྱོབ་ལས་ཁང་གི་འབྲེལ་ཡོད་སྒྲིག་གཞི་དང་ཡོངས་སུ་མཐུན་གྱི་ཡོད་ལུགས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎