བོད་མདོ་སྨད་ཁུལ་དུ་ཕྱི་རྒྱལ་གྱི་མི་སྣ་འགྲོ་སྐྱོད་བཀག་སྡོམ༎

རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་སུ་དབྱེ་བའི་བོད་མདོ་སྨད་ཁུལ་དུ་ཕྱི་རྒྱལ་གྱི་མི་སྣ་འགྲོ་སྐྱོད་བྱ་རྒྱུར་བཀག་སྡོམ་བྱས་པ།

2011.04.22

༄༅༎རྒྱ་ནག་གཞུང་གིས་ཉེ་ཆར་རྒྱ་ནག་དམག་མི་དང་བོད་མིའི་དབར་འཁྲུག་རྩོད་བྱུང་སའི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་སུ་དབྱེ་བའི་བོད་མདོ་སྨད་ཁུལ་དུ་ཕྱི་རྒྱལ་གྱི་མི་སྣ་འགྲོ་སྐྱོད་བྱ་རྒྱུར་བཀག་སྡོམ་བྱས་པའི་སྐོར་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་ལས་བྱེད་ནས་དེ་རིང་གཟའ་པ་སངས་ཉིན་འགྲེལ་བརྗོད་བྱས་འདུག གོང་ཞུས་བཀག་སྡོམ་གྱི་བཀའ་རྒྱ་དེ་བཞིན་ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་བདེ་འཇགས་ལས་ཁང་གིས་བཏང་བ་ཞིག་ཡིན་པ་དང་ དེའི་ནང་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་ཀྱི་་བོད་རིགས་ས་ཁུལ་དཀར་མཛེས་དང་རྔ་པ་དེ་བཞིན་དེའི་ཉེ་འཁྲིས་ཀྱི་ས་གནས་ཁག་ནང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་དང་ས་ཁུལ་དེ་ཚོའི་ནང་ཡོད་བཞིན་པའི་ཕྱི་རྒྱལ་བ་རྣམས་ཛ་དྲག་གིས་ཕྱིར་ཐོན་དགོས་རྒྱུ་དང་ བཀའ་རྒྱ་དེ་བཞིན་ཕྱི་ཟླ་བཞིའི་ཚེས་༢༡ནས་ལག་བསྟར་བྱ་རྒྱུ་དང་ ས་ཁུལ་དེ་དག་ནང་འགྲོ་འོང་བཀག་སྡོམ་གྱི་བཀའ་རྒྱ་དེ་ཕྱིར་བསྡུ་བྱ་དགོས་ཚེ་ སྐབས་ཕྲལ་བརྡ་ཐོ་ཕྱིར་བསྒྲགས་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་ལས་ རྒྱུ་མཚན་ག་རེའི་ཐོག་ནས་བོད་པའི་ས་ཁུལ་དེ་ཚོའི་ནང་ཕྱི་རྒྱལ་མི་སྣ་འགྲོ་འོང་བཀག་སྡོམ་བྱས་ལུགས་འགྲེལ་བཤད་གང་ཡང་བྱས་མེད་པ་རེད་ རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ཚོར་ཟི་ཁྲོན་ཞིང་ཆེན་བདེ་འཇགས་ལས་ཁང་གི་གོང་ཞུས་བརྡ་ཐོ་དེ་བཏང་ཡོད་པའི་ཁར་ ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ཁག་ཅིག་ལ་ཁ་པར་ཐོག་ནས་བརྡ་ཐོ་བཏང་སྟེ་ ཕྱི་རྒྱལ་གྱི་མི་སྣ་གོང་ཞུས་བོད་ཀྱི་ས་ཁུལ་ཁག་ནང་གནས་སྐབས་འགྲོ་འོང་བཀག་སྡོམ་བྱས་ལུགས་བརྗོད་ཡོད་འདུག རྩ་བའི་ཕྱི་རྒྱལ་བ་རྣམས་བོད་ནང་བསྐྱོད་དགོས་ཚེ་རྒྱ་ནག་གཞུང་གི་དམིགས་བསལ་ཆོག་མཆན་དགོས་ཀྱི་ཡོད་པ་དང་ ཡིན་ནའི་རྒྱ་ནག་གི་ཟི་ཁྲོན་དང་ཀན་སུའུ་ མཚོ་སྔོན་ཁོངས་སུ་དབྱེ་བའི་བོད་རིགས་ས་ཁུལ་ནང་བསྐྱོད་རྒྱུར་རྣམ་ཀུན་བོད་རང་སྐྱོང་ལྗོངས་ནང་བསྐྱོད་སྐབས་ལས་ཕྲན་བུའི་ལས་སླ་བ་ཡོད་ན་ཡང་ ད་རེས་ཕྱི་ཟླ་གསུམ་པའི་ནང་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་དང་མང་ཚོགས་ཚོས་དགོན་པར་དམ་བསྒཌ་བྱེད་པར་ཡོང་མཁན་གྱི་རྒྱ་ནག་དམག་དཔུང་དང་གདོང་ཐུག་གི་གནས་ཚུལ་བྱུང་བའི་རྗེས་ ས་གནས་དེའི་ནང་དམ་བསྒྲཌ་བཀག་སྡོམ་བྱེད་ཤུགས་དེ་བས་ཆེ་རུ་བཏང་ཡོད་ཀྱང་ རྒྱ་ནག་གཞུང་ཕྱོགས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ས་གནས་ནང་གནས་ཚུལ་དེ་རིགས་བྱུང་མེད་ལུགས་དང་ ཀིརྟི་དགོན་པའི་དགེ་འདུན་པ་ཚོ་རྒྱུན་ལྡན་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མུས་ཡིན་ལུགས་སོགས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎