རྒྱ་ནག་ཏུ་དཔྱིད་གསར་དུས་ཆེན་གོང་གི་འགྲིམ་འགྲུལ།

རྒྱ་ནག་གི་དཔྱིད་ཀའི་ལོ་གསར་གཏོང་བར་རང་ཡུལ་དུ་བསྐྱོད་མཁན་གྱི་འགྲིམ་འགྲུལ་དངོས་སུ་འགོ་ཚུགས་ཡོད་པ་རེད།

2011.01.19

༄༅༎རྒྱ་ནག་གི་དཔྱིད་ཀའི་ལོ་གསར་གཏོང་བར་རང་ཡུལ་དུ་བསྐྱོད་མཁན་གྱི་འགྲིམ་འགྲུལ་དབོར་དྲེན་གྱི་གཞུང་འབྲེལ་དུས་བཀག་དེ་ཕྱི་ཚེས་༡༩ཉིན་དངོས་སུ་གོ་ཚུགས་ཡོད་པ་དང་  རྒྱ་ནག་གི་དཔྱི་གསར་དུས་ཆེན་གོང་ ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་འགྲོ་འོང་འཛམ་གླིང་ནང་ནས་མང་ཤོས་ཤིག་ཡིན་པ་དང་  དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གནམ་གྲུ་དང་ རི་ལི་ མོ་ཊའི་བབས་ཚུགས་སུ་མི་གྲངས་ས་ཡ་མང་པོ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡོད་ཅིང་  རྒྱ་ནག་འགྲིམ་འགྲུལ་ལས་ཁང་གི་དཔོན་རིགས་ནས་བརྗོད་པར་གཞིགས་ན་ ད་ལོ་དཔྱིད་གསར་དུས་ཆེན་གྱི་གོང་ གནམ་གྲུ་དང་ རི་ལི་ མོ་ཊ་ གྲུ་གཟིངས་བཅས་འགྲིམ་འགྲུལ་བརྒྱུད་ནས་འགྲུལ་བཞུད་བྱེད་མཁན་མི་གྲངས་དུང་ཕྱུར་གཉིས་དང་ཚག་དྲུག་ཙམ་ཟིན་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་ཅིང་    ཧྲང་ཧད་གྲོང་ཁྱེར་ནང་ཨར་ལས་བྱེད་མཁན་གྱི་གནས་སྤོ་བ་ཚོས་ རང་ཡུལ་དུ་ལོ་གསར་ཏོང་བར་དངོས་པོ་མང་པོ་འཁྱེར་ནས་ཚང་་ཤིག་ཤིག་གིས་གངས་དང་གྲང་ངར་གྱི་ཁྲོད་  རི་ལིའི་བབས་ཚུགས་སུ་བསྐྱོད་ཀྱི་ཡོད་པ་དང་  རང་ལོ་༢༩ར་སོན་པ་ཀྲང་ཞའོ་ཤིང་ཟེར་བ་ཨར་ལས་བྱེད་མཁན་ཞིག་གིས་ རང་ཡུལ་ཧུའུ་ནན་ས་གནས་སུ་ལོ་གསར་གཏོང་བར་བསྐྱོད་ཐུབ་པའི་ཆེད་  ཉིན་གསུམ་རིང་རི་ལིའི་པ་སེ་ཉོ་སར་བང་སྒྲིག་ནས་བསྡད་པ་ཡིན་པའི་སྐོར་བརྗོད་འདུག་ལ་ ཁོང་གིས་  འདི་ལོ་ཁོང་རང་ལ་རླུང་རྟ་རྒྱུགས་ནས་ ཧྲང་ཧད་ནས་རང་ཡུལ་དུ་ལོ་གསར་གྱི་སྔོན་ལ་ཐོན་ཐུབ་པ་བྱུང་བ་དང་  ན་ནིང་ཉིན་གྲངས་ལྔའི་རིང་རི་ལིའི་པ་སེ་ཉོ་བར་བང་སྒྲིག་དགོས་བྱུང་བའི་སྐོར་བརྗོད་འདུག  རྒྱ་ནག་ནང་རྒྱ་མིའི་ལོ་གསར་གོང་ འགྲུལ་བཞུད་བྱེད་མཁན་མང་ཆེ་བ་  རྒྱ་ནག་གི་གྲོང་སེབ་ཁག་ན་གྲོང་ཁྱེར་ནང་ཨར་ལས་སོགས་བྱེད་པར་ཡོང་མཁན་གྱི་གནས་སྤོ་བ་ཚོ་ཡིན་ཞིང་  ལོ་ལྟར་དུས་ཚོད་འདིའི་སྐབས་རྒྱ་ནག་ནང་འགྲུལ་བཞུད་བྱེད་མཁན་ཡང་ལོ་གཅིག་ནང་གི་མི་གྲངས་མང་ཤོས་ཤིག་ཡིན་པ་དང་ ལོ་ངོ་ལྔའི་གོང་ལོ་གསར་གོང་འགྲུལ་བཞུད་བྱེད་མཁན་མི་གྲངས་དུང་ཕྱུར་གཅིག་དང་ཚག་དྲུག་ལྷག་ཙམ་ནས་  ད་ལོ་དུང་ཕྱུར་གཉིས་ལྷག་ཙམ་བར་འཕར་སྣོན་བྱུང་རྒྱུའི་རྒྱ་ནག་འགྲིམ་འགྲུལ་ལས་ཁང་གིས་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎