ཕྲུ་གུ་དུས་ཐོག་མངལ་ནས་མ་བཏོན་ན་ལས་གནས་ནས་འཕུད་རྒྱུ་ཡིན།


2015.05.19
འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་གསར་པ། པེ་ཅིང་སྨན་ཁང་ནང་།
AFP

རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་འཆར་ལྡན་བུ་བཙའི་སྲིད་ཇུས་རྙིང་པ་རྒྱུན་འཁྱོངས་བྱེད་མཁན་ཡོད་པའི་རྣམ་པ་ཐོབ་འདུག
དེ་ཡང་རྒྱ་ནག་གི་གྲོང་ཁྱེར་དང་ཞིང་ཆེན་སོ་སོའི་ནང་འཆར་ལྡན་བུ་བཙའི་སྲིད་ཇུས་མི་འདྲ་བ་ལག་བསྟར་བྱེད་པ་དེ་ཡིས་རྒྱ་ནག་གི་སློབ་གྲྭའི་དགེ་རྒན་བེུད་ཅིག་ལ་ས་གནས་གཅིག་ནས་ཕྲུ་གུ་གཉིས་པ་ཞིག་སྐྱེས་རྒྱུའི་བཀའ་ཁྲོལ་ཐོབ་ཀྱང་ས་གནས་གཞན་གཅིག་ནས་ཕྲུ་གུ་མངལ་ནས་བཏོན་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད། སློབ་གྲྭའི་དགེ་རྒན་བེུད་དེར་རྒྱ་ནག་གི་གྲོང་ཁྱེར་སྲིད་གཞུང་ཞིག་ནས་ཕྲུ་གུ་གཉིས་པ་སྐྱེས་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་ད་ཆ་ཕྲུ་གུ་མངལ་ནས་བཏོན་དགོས་པའི་བཀོད་ཁྱབ་བཏང་བ་དེ་ནི་བེུད་དེ་ཡིས་སློབ་ཁྲིད་བྱེད་ཡུལ་གྱི་ཞིང་ཆེན་དེའི་ནང་སྲིད་ཇུས་མི་འདྲ་བ་ལག་བསྟར་བྱས་པར་བརྟེན་ནས་བྱུང་བ་ཡིན་པ་དང་། བེུད་དེ་ལ་ས་གནས་གཅིག་ནས་ཆོག་མཆན་ཐོབ་པ་དང་། གཞན་གཅིག་ནས་བཀག་འགོག་བྱས་པའི་གནད་དོན་དེ་ནི་རྒྱ་ནག་གི་ས་ཁུལ་མི་འདྲ་བའི་ནང་གཞུང་གིས་གཏན་འབེབས་བྱས་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་མི་འདྲ་བ་ལག་བསྟར་བྱེད་པའི་རྣམ་པ་མཚོན་པ་ཞིག་ཡིན་པ་དང་། ལྷག་པར་དུ་ལོ་ངོ་༣༥རིང་ལ་བཟའ་མི་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་དེ་ལ་གུ་ཡངས་སུ་བཏང་ནས་བཟའ་མི་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་གཏན་འབེབས་བྱས་པའི་སྲིད་ཇུས་གསར་པ་དེར་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་ལག་བསྟར་མི་བྱེད་པར་སྲིད་ཇུས་རྙིང་པ་རྒྱུན་འཁྱོངས་བྱེད་མཁན་ཡོད་པའི་རྣམ་པ་མཚོན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཕྲུ་གུ་སྐྱེས་རྒྱུ་ཡོད་པའི་དགེ་རྒན་Qin Yiདང་ཁོང་གི་བཟའ་ཟླ་གཉིས་ལ་སྔ་འཛར་བོུ་གཅིག་ཡོད་པ་དང། འོན་ཀྱང་ཁོང་གཉིས་ནི་བསྐྱར་དུ་གཉེན་སྒྲིག་བྱས་པའི་བཟའ་ཚང་གསར་པ་ཡིན་ཡང་བེུད་དེ་དགེ་རྒན་གྱི་ལས་ཀ་བྱེད་ཡུལ་རྒྱ་ནག་གི་Guizhouཞིང་ཆེན་གྱི་སྒྲིག་གཞི་ལ་བརྟེན་ནས་ཕྲུ་གུ་གཉིས་པ་སྐྱེས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། བེུད་དེར་ཕྱི་ཟླ་ལྔ་པའི་ཟླ་མཇུག་ནང་ཚུད་ལ་ཕྲུ་གུ་མངལ་ནས་བཏོན་དགོས་ཀྱི་ཡོད་པ་དང་། གལ་ཏེ་གཏན་འབེབས་ཀྱི་དུས་ཚོད་ནང་ཕྲུ་གུ་མེད་པ་མ་བཟོས་ཚེ་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང། Guizhouཞིང་ཆེན་ས་གནས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལྷན་ཁང་གིས་གནས་ཚུལ་དེ་ནི་བདེན་པ་ཡིན་པའི་ངོས་ལེན་བྱས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎