རྒྱ་ནག་ཏུ་བསྐྱོད་པའི་གནམ་གྲུའི་ནང་གོ་མཚོན་དང་འབར་རྫས།

དཀྱིལ་ཤར་ཡུལ་གྲུ་ནས་རྒྱ་གར་བརྒྱུད་རྒྱ་ནག་ནང་བསྐྱོད་པའི་གནམ་གྲུའི་ནང་གོ་མཚོན་དང་འབར་རྫས་ཀྱི་རིགས་ཡོད་པ་ཤེས་རྟོགས་བྱུང་བ།

2009.09.07

༄༅༎རྒྱ་གར་གཞུང་གིས་ཡུ་ཨེ་ཨི་ཟེར་བའི་དཀྱིལ་ཤར་ཨེ་ཤེ་ཡའི་ཁ་ཆེའི་རྒྱལ་ཁབ་ཀྱི་དམག་གི་དབོར་འདྲེན་གནམ་གྲུ་ཞིག་རྒྱ་གར་བརྒྱུད་རྒྱ་ནག་ནང་བསྐྱོད་པའི་ལམ་བར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་གནམ་ཐང་དུ་གནམ་གྲུར་སྣུམ་བླུགས་ནས་བབས་པའི་སྐབས་རྒྱ་གར་གྱི་གནམ་ཐང་བདེ་འཇགས་མི་སྣས་གནམ་གྲུའི་ནང་རྒྱུན་ལྡན་གྱི་བརྟག་དཔྱད་བྱེད་པའི་སྐབས་གནམ་གྲུ་དེའི་ནང་གོ་མཚོན་དང་འབར་རྫས་ཀྱི་རིགས་ཡོད་པ་ཤེས་རྟོགས་བྱུང་ནས་གནམ་གྲུ་གཏོང་མཁན་དང་འབྲེལ་ཡོད་ལས་བྱེད་མི་བརྒྱད་ཡོད་པ་རྣམས་བཀག་ཉར་བྱས་ཡོད་པའི་སྐོར་རྒྱ་གར་གྱི་གནམ་ཐང་བདེ་འཇགས་དཔོན་རིགས་ནས་འགྲེལ་བརྗོད་གནང་བཞག

ཡུ་ཨེ་ཨི་ཟེར་བའི་དཀྱིལ་ཤར་ཨེ་ཤེ་ཡའི་ཁ་ཆེའི་རྒྱལ་ཁབ་དེའི་དམག་གི་དབོར་འདྲེན་གནམ་གྲུ་དེ་བཞིན་གོང་ཞུས་ཡུལ་གྲུའི་ཨ་སྦུ་རྡ་སྦི་ནས་རྒྱ་ནག་གི་ཧུ་པེ་ཞིང་ཆེན་གྱི་ཧན་དབྱང་ས་གནས་སུ་བསྐྱོད་པའི་ལམ་བར་རྒྱ་གར་གྱི་ཀོལ་ཀ་ཊ་གྲོང་ཁྱེར་ནང་གནམ་གྲུར་སྣུམ་བླུགས་རྒྱུར་བབས་ཆོག་པའི་ཆོག་མཆན་བྱུང་བ་ཞིག་ཡིན་པ་དང་ཡིན་ནའི་གནམ་གྲུ་དེའི་ནང་དངོས་ཟོག་ག་རེ་དབོར་འདྲེན་བྱེད་མིན་ཁ་གསལ་གང་ཡང་མེད་ཅིང་རྒྱ་གར་གནམ་ཐང་གི་བདེ་འཇགས་སྲུང་སྐྱོབས་མི་སྣས་གནམ་གྲུ་དེའི་ནང་འབར་རྫས་དང་གོ་མཚོན་རིགས་ཡོད་པ་བརྟག་དཔྱད་བྱེད་པའི་སྐབས་ཤེས་རྟོགས་བྱུང་ནས་གནམ་གྲུ་གཏོང་མཁན་དང་གནམ་གྲུའི་ནང་གི་འབྲེལ་ཡོདམི་སྣ་ཚོས་གནམ་གྲུའི་ནང་འབར་རྫས་དང་གོ་མཚོན་དབོར་འདྲེན་བྱེད་དགོ་སདོན་གཞུང་འབྲེལ་གྱི་འབྲེལ་བཤད་གསལ་པོ་ཞིག་རྒྱབ་ཐུབ་ཀྱི་མེད་པར་བརྟེན་ནས་རྒྱ་གར་གཞུང་གིས་མི་དེ་དག་བཀག་ཉར་བྱས་ཡོད་པའི་སྐོར་གནམ་ཐང་གི་བདེ་འཇགས་སྲུང་སྐྱོབས་དཔོན་རིགས་ནས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎