རྒྱ་ནག་གཞུང་ནས་དྲུག་བཞིའི་གོང་དམ་བསྒྲགས་ཆེ་རུ་བཏང་བ།

པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་དུས་དྲན་གྱི་གོང་རྒྱ་ནག་ནང་དམ་བསྒྲགས་བྱེད་ཤུགས་ཆེ།

2009.04.13

༄༅༎རྒྱ་ནག་གཞུང་གིས་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་དུས་དྲན་གྱི་གོང་རྒྱ་ནག་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

ལོ་ངོ་ཉི་ཤུའི་གོང་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གིས་རྒྱ་ནག་དེ་བཞིན་དམངས་གཙོའི་ལམ་དུ་འགྱུར་རྒྱུའི་དགོས་འདུན་ལས་འགུལ་སྤེལ་ནས་དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད་ཅིང་ལས་འགུལ་དེའི་བྱུང་རྐྱེན་ནི་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ལྦུའུ་ཡའོ་པང་འདས་གྲོངས་སུ་ཕེབས་པའི་རྗེས་སློབ་ཕྲུག་ཚོས་ཁོང་ལ་མྱ་ངན་གྱི་ལས་འགུལ་སྤེལ་བ་ནས་བྱུང་བ་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་གཟའ་འཁོར་དེ་ནས་བཟུང་འདས་པའི་ཟླ་བ་གཉིས་ནང་རྒྱ་ནག་ནང་ཟང་ཟིང་གི་རྙོག་དྲ་མི་ལྷགས་པའི་ཆེད་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁོང་ཚོ་ཕྱི་ལ་བསྐྱོད་རྒྱུ་དང་གཞན་དང་འབྲེལ་བ་བྱ་རྒྱུ་སོགས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་དང་དེ་མིན་མི་སྒེར་སོ་སོར་ཡང་དུས་བཀག་དེ་ཚོའི་ནང་གང་བྱུང་གིས་བྱ་སྤྱོད་སྤེལ་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་ཡོད་པའི་སྐོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཕེ་རན་སིའི་དེང་དུས་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་གྱི་ཚན་པའི་ཉམས་ཞིབ་པ་རྗོན་ཕི་ལི་པེ་སྦེ་ཇ་ཡིས་འགྲེལ་བརྗོད་གནང་བཞག རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ལྦུའུ་ཡའོ་པང་གིས་རྒྱ་ནག་གི་སྲིད་དབང་འཛིན་པའི་རིང་རྒྱ་ནག་གི་སྲིད་དོན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་ལས་དོན་སྤེལ་རྒྱུའི་འདོད་ཚུལ་ཤུགས་ཆེ་བཏོན་ཡོད་པའི་ཁར་སྐབས་དེ་དུས་ཁོང་བོད་ནང་གཟིགས་སྐོར་དུ་ཕེབས་ནས་རྒྱ་ནག་དབུས་གཞུང་གིས་མ་དངུལ་ཕོན་ཆེ་བཏང་ཏེ་བོད་ལ་ཡར་རྒྱས་གཏོང་རྒྱུའི་ལས་དོན་དེ་ཚོའི་འབྲས་བུ་གང་ཡང་བྱུང་མེད་པའི་བཀའ་མོལ་ཤུགས་ཆེན་པོ་གནང་ཡོད་པ་དང་༡༩༨༧ལོར་ཁོང་རྒྱ་ནག་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ནས་འཁྱུར་ཏེ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་བཞི་པའི་ཚེས་བཅོ་ལྔ་ནས་འདས་གྲོངས་སུ་ཕྱིན་པ་རེད། སློབ་ཕྲུག་ཚོས་མྱ་ངན་ཞུ་རྒྱུའི་ལས་འགུལ་འགོ་བཙུགས་བྱས་ནས་རིམ་པས་ལས་འགུལ་དེ་བཞིན་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བྱ་རྒྱུའི་འབོད་སྐུལ་ལས་འགུལ་དུ་གྱུར་ནས་དྲུག་པའི་ཚེས་བཞི་ཉིན་གྱི་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎