བཀའ་ཁྲིའི་འོས་འདེམས་ལ་རྒྱ་ནག་གི་རྣམ་འགྱུར།

རྒྱ་ནག་གིས་བཀའ་ཁྲི་ངོས་ལེན་མེད་སྐོར་བརྗོད་དེ་ངོས་འཛིན་མེད་པའི་སྡེ་ཚོགས་མཉམ་རྒྱ་ནག་གིས་འབྲེལ་བ་བྱ་རྒྱུའི་འདོད་པ་མེད་སྐོར་བཤད།

2011.04.28

༄༅༎རྒྱ་ནག་གིས་གསར་དུ་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་སུ་ངོས་ལེན་མེད་སྐོར་བརྗོད་དེ་ཁྲིམས་འགལ་དང་ངོས་འཛིན་མེད་པའི་སྡེ་ཚོགས་མཉམ་རྒྱ་ནག་གིས་འབྲེལ་བ་བྱ་རྒྱུའི་འདོད་པ་མེད་སྐོར་དེ་རིང་བརྗོད་འདུག།

ད་རེས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་རྒྱ་ནག་གི་དབང་འོག་ནས་བོད་ལ་རང་སྲིད་རང་སྐྱོང་འཐོབ་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་ཐོག་ཤར་སྐྱོད་གནང་རྒྱུའི་བརྡ་བཏོན་གནང་ཡོད་ནའང༌། དེ་སྔ་ཁོང་བོད་ལ་རང་བཙན་གཙང་མ་རྩོད་ལེན་གནང་མཁན་ཞིག་ཡིན་པ་རེད།

དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་ པེ་ཅིང་དུ་བདུན་རེའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲུབ་འབྲས་ལ་གཞུང་འབྲེལ་གྱི་ལན་འཆར་ཐེངས་དང་པོ་དེ་བཏོན་པའི་ནང༌། བཙན་བྱོལ་བོད་གཞུང་ཟེར་བ་དེ་ཏཱ་ལའི་བླ་མ་མཆོག་གིས་བོད་ལ་རང་བཙན་འཐོབ་རྒྱུའི་འཐབ་རྩོད་གནང་ཕྱིར་ཕྱི་རྒྱལ་ས་ཐོག་དུ་གསར་འཛུགས་གནང་བའི་ཁྲིམས་འགལ་གྱི་ཆབ་སྲིད་སྒྲིག་འཛུགས་ཤིག་རེད། འཛམ་གླིང་ནང་གི་ཡུལ་ཁག་སུས་ཀྱང་སྒྲིག་འཛུགས་དེར་ངོས་འཛིན་བྱེད་ཀྱི་ཡོག་མ་རེད་ཅེས་འཆར་ཅན་བཤད་ཡག་དེ་བསྐྱར་ཟློས་བྱས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎